ད་ལོར་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་ཆུ་གློག་ས་ཚུགས་སུ་གློག་གཏོང་འགོ་བརྩམ་རྒྱུ་རེད།

W020200319746127586863.jpg

འདི་ནི་རྒྱ་ཚ་ཆུ་གློག་ས་ཚུགས་ཀྱི་ཨར་ལས་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱ་ཚ་ཆུ་གློག་ས་ཚུགས་ནི་བོད་ལྗོངས་ཀྱི“ལོ་ལྔའི་ཚན་བཅུ་གསུམ་པའི”གློག་འདོན་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་པ་དང་འཕྲུལ་ཆས3གྱིས་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི36ཟིན་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར78.3བཏང་ཡོད། དེ་ཡང་བོད་དབུས་དྲ་སྦྲེལ་ལས་གཞིའི་གློག་ཁུངས་གཙོ་བོའི་གྲས་ཤིག་ཡིན་ཞིང་། གཙོ་བོ་བོད་ལྗོངས་ཀྱི་ས་གནས་དེ་གའི་དགོས་མཁོ་བསྐངས་ནས་བོད་ལྗོངས་ཀྱི་གློག་དྲའི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་ཞི་ལྷོད་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད། 

“ང་ཚོས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གློག་འདོན་ས་ཚུགས་འཛུགས་སྐྲུན་ལ་དམ་འཛིན་བྱེད་བཞིན་ཡོད་ལ། བདེ་ཐང་ཡིག་ཚགས་བཟོས་ཏེ་ཨར་ལས་ཡུལ་དངོས་སུ་ལས་ཀ་བྱེད་མཁན་ཚང་མའི་ལུས་ཕུང་བདེ་ཐང་གི་ཚད་གཞི་བླང་བྱ་དང་མཐུན་པར་འགན་ལེན་བྱེད་པ་དང་མིག་སྔར་རྣམ་གྲངས་འདི་ཉིད་འཛུགས་སྐྲུན་མཐོ་རླབས་ཀྱི་དུས་སུ་སླེབས་ཡོད། ཨར་ལས་དུས་ཡུན་ལ་འགན་ལེན་བྱེད་ཆེད་དཔྱིད་གསར་དུས་ཆེན་གྱི་རིང་ལའང་ལས་མཚམས་མ་བཞག་པ་དང་། དཔྱིད་གསར་དུས་ཆེན་གྱི་རྗེས་སུ་གློག་འདོན་ས་ཚུགས་འཛུགས་སྐྲུན་བྱེད་མཁན་པ་དང་དེར་མཁོ་བའི་འགག་རྩའི་སྒྲིག་ཆས་ཁག་བགོས་བདེ་འཇགས་ངང་བོད་དུ་ལོག་རྒྱུ་སྒྲིག་འཛུགས་བྱས་ནས་ཨར་ལས་ཀྱི་འཕེལ་རིམ་ལ་འགན་ལེན་བྱས་པ་ཡིན།”ཞེས་རྒྱ་ཚ་ཡན་ལག་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་ཁྲིན་ཞུའེ་ཅུན་གྱིས་བཤད།

ད་ལོ་ནི་རྒྱ་ཚ་ཆུ་གློག་ས་ཚུགས་ཀྱི་ཆུ་གསོག་གློག་འདོན་གྱི་ལོ་ཡིན། ཧྭ་ནེང་ཚོགས་པ་ཡ་ཅང་ཀུང་སིས་ཚོགས་འདུ་ཐེངས་མང་བསྡུས་ནས་སྔོན་གྱི་བྱ་བ་བཀོད་སྒྲིག་བྱས་པ་དང་གློག་འདོན་ས་ཚུགས་ཀྱི་རགས་ཆེན་བསྐྱར་སྐྲུན་དང་། བཟོ་ཁང་གི་ཨར་ལས་བཟོ་སྐྲུན་ལས་གཞི། ཉ་ལམ་ལས་གཞི། འཕྲུལ་ཆས་སྒྲིག་སྦྱོར་སོགས་འགག་རྩའི་རྣམ་གྲངས་དཔྱིད་གསར་དུས་ཆེན་རིང་བསྟུད་མར་ལས་འགོ་འཛུགས་རྒྱུའི་བཀོད་སྒྲིག་བྱས་ཏེ་འཛུགས་སྐྲུན་པའི་ཐོན་སྐྱེད་བདེ་འཇགས་དང་འཚོ་བའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། མིག་སྔར་ཇུས་འགོད་དང་། ལྟ་སྐུལ་དོ་དམ། ཨར་ལས་སོགས་དང་འབྲེལ་བ་ཡོད་པའི་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་བཅུ་ལྷག་ཙམ་གྱི་ལས་བཟོ་བ་དག་གཅིག་རྗེས་གཉིས་མཐུད་ངང་ལས་གནས་སུ་ཕྱིར་ལོག་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།