བོད་ལྗོངས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་དྲ་ཐོག་དང་སྤྱི་ཚོགས་སྟེང་གི་ལས་ཞུགས་བྱ་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱུང་བར་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དྲ་ཐོག་དང་ཡུལ་དངོས་ཀྱི་ཞབས་ཞུ་བརྒྱུད་དེ། ལས་འགོ་ཚུགས་པའི་ཁེ་ལས་སུ་བསྐྱོད་དེ། ལས་གནས་ཀྱི་དགོས་མཁོ་དང་། ངལ་རྩོལ་ནུས་ཤུགས་ཀྱི་མི་འདང་ས། གསོ་སྦྱོང་བྱ་བར་རྟོག་ཞིབ་སྤེལ་ཏེ། འབྲེལ་ཡོད་ཀྱི་ཐག་གཅོད་བྱེད་ཐབས་གཏན་འབེབས་བྱས་ནས། ནུས་ཤུགས་ཡོད་རྒུས་ལས་འགོ་བསྐྱར་ཚུགས་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོར་འགན་སྲུང་བྱས།

ལྷ་ས་གྲོང་ཁྱེར་གྱིས་རོང་འབྲོག་པའི་ལས་ཞུགས་ལས་གནས་ཁྲི4.6ལྷག་བསྡུ་རུབ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རོང་འབྲོག་པ2707ལས་ཞུགས་གཞན་སྒྱུར་མངོན་འགྱུར་བྱས། ཡོང་འབབ་སྒོར་ཁྲི845.7ལ་སླེབས་ནས་མཁར་གྲོང་གི་ལས་ཞུགས་མི་གྲངས155གསར་སྣོན་བྱས། ལྷོ་ཁ་གྲོང་ཁྱེར་གྱིས་རྟོག་ཞིབ་ཚོགས་ཆུང་བཙུགས་ཏེ་རྒྱ་ཚ་ཆུ་ཤུགས་གློག་ཁང་དང་། མདོ་ལ་རིང་མོའི་ཨར་འདམ་བཟོ་གྲྭ། ལྷ་ཉིང་ལྕགས་ལམ་རྣམ་གྲངས་ས་ཚིགས། རྫམ་ཆུ་ཤུགས་གློག་ཁང་། ཧྭ་གློག་ཏ་ཀུའུ་ཆུ་ཤུགས་གློག་ཁང་། ལྷ་ཁང་གློག་ཁང་། སྒྲོལ་ཡུལ་ཆུ་མཛོད་བཅས་གཙོ་གནད་རྣམ་གྲངས7གྱི་ལས་གཞི་ལག་བསྟར་ཡུལ་དངོས་སུ་བསྐྱོད་དེ། འབྲེལ་ཡོད་ཁེ་ལས་ཀྱི་ལས་མི400ཡི་མི་འདང་བའི་གནད་དོན་ཐག་གཅོད་བྱས། 

ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་ལག་རྩལ་ལས་ཞུགས་རྩལས་གནས་ཀྱི་དགོས་མཁོ་དང་དགོས་མཁོ་ཆེ་ལ་ཧ་ཅང་དཀོན་པའི་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བོད་ལྗོངས་ཀྱིས《2020ལོའི་ལས་རིགས་ལག་རྩལ་མཐོར་འདེགས་བྱ་སྤྱོད་ཀྱི་ལས་ཞུགས་གཙོ་གནད་ཚོགས་སྤྱིའི་རྩལ་ནུས་གསོ་སྦྱོང་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་པ་དང་། རིགས་ཆེན་པོ་བདུན་གྱི་རྩལ་ནུས་གསོ་སྦྱོང་རྣམ་གྲངས་40བཀོད་སྒྲིག་བྱས་ཡོད། ཟླ3པའི་ཚེས12ཉིན་བར་དྲ་རྒྱའི་གསོ་སྦྱོང་ལས་གསོ་སྦྱོང་ལས་ཁུངས་དང་ཁེ་ལས21བསྡུ་རུབ་བྱས་པ་དང་། བསྡོམས་པས་ལག་རྩལ་གསོ་སྦྱོང་རྣམ་གྲངས38ཡོད། 

ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱིས་སོ་སོ་ནས་དུས་མཉམ་དུ་དྲ་རྒྱ་གདན་ཞུ་བྱ་བ་སྤེལ་ཏེ། མིག་སྔར་ཁེ་ལས་དང་མཐོ་སློབ་མཐར་ཕྱིན་སློབ་མའི་དྲ་ཐོག་གི་ཐོ་འགོད་དང་ལས་གནས་འཚོལ་སྡུད་བྱ་བ་སྤེལ་བཞིན་པའི་སྒང་ཡིན། ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས4800ལེགས་སྒྲིག་བྱས་པ་དང་། པེ་ཅིན་གྱི2020ལོའི་ལས་དོན་ལས་ཁུངས་ཀྱི་བོད་སྐྱོར་ལས་གནས200འབྲེལ་གཏུག་བྱས། རོང་འབྲོག་པའི་གསོ་སྦྱོང་མ་དངུལ་སྒོར་དུང་ཕྱུར1.6རྩིས་སྤྲོད་བྱས་ཏེ། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ལག་རྩལ་གསོ་སྦྱོང་ཐེངས10ཡི་མི302ལ་སྤེལ་བ་རེད།

དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས《ཞིང་བ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་འཕྲལ་སྡོམ་སྔོན་ཇུས》སྔར་ལས་འཐུས་ཚང་དུ་བཏང་སྟེ“དྲ་སྦྲེལ+འདུམ་གཅོད”ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གློག་རྡུལ་སྦྲག་ཡིག་དང་། བརྙན་སྐྱེལ། མྱུར་སྐྱེལ་བཅས་ཀྱི་བྱ་ཐབས་བརྒྱུད་འདུམ་གཅོད་རེ་ཞུ་བྱས་ཏེ་ངལ་རྩོལ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།