​ལྷ་ས་གྲོང་ཁྱེར་གྱི་རིག་ལྡན་ཆུ་དོན་རྣམ་གྲངས་ཏེ་ད་ལོའི་ལམ་བཟོ་ལས་གཞི་དང་པོ་ལས་འགོ་ཚུགས་པ།

1584496077785809.jpg

འདི་ནི་ཟླ3པའི་ཚེས17ཉིན་ཁྲེན་ཀོན་ཆུས་རྡོ་སེང་གེ་ལམ་གྱི་ལས་གཞི་ལག་བསྟར་ཡུལ་དངོས་སུ་ལས་བཟོ་བ་རྣམས་ཀྱིས་གོ་རིམ་ལྡན་པའི་ངང་ལས་ཀ་ལས་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ལས་གཞི་འཛུགས་སྐྲུན་སླར་གསོ་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་མདོང་ལམ་དྲ་བ་བསྒྱུར་བཀོད་དང་རིག་ལྡན་ཆུ་དོན་ལས་གཞི་སོགས་གྲོང་སྲིད་ལས་གཞི་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་པ་རེད། ཚེས15ཉིན་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་གྱི་མདོང་ལམ་བསྒྱུར་བཀོད་དང་རིག་ལྡན་ཆུ་དོན་རྣམ་གྲངས་ལས་གཞི་དངོས་སུ་སྤེལ་འགོ་ཚུགས། ལས་གཞི་དེ་ནི་ལྷ་ས་གྲོང་ཁྱེར་གྱི་ད་ལོའི་མདོང་ལམ་སྒྱུར་བཀོད་དང་རིག་ལྡན་ཆུ་དོན་རྣམ་གྲངས་ལས་འགོ་ཚུགས་པའི་ལམ་བཟོ་ལས་གཞི་དང་པོ་ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་ཟླ4བའི་ཚེས20ཉིན་ལས་གཞི་ལེགས་འགྲུབ་འབྱུང་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།