ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་སྔ་དྲོར། ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་གཞན་གྱི་ལས་འགོ་བསྐྱར་འཛུགས་མི་སྣ་ཁག་དང་པོ་54གཅིག་སྡུད་ལོགས་འཇོག་མཇུག་འགྲིལ་ནས་རྡོ་ཕོ་བྲང་གི་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་གྱི་འཛུགས་སྐྲུན་ལས་ཡུལ་དུ་ལོག་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོང་ཁྱེར་དེས་བསྐྲུན་པའི“718”གྲོང་ཁྱེར་ཐད་གཏོགས་ལས་བྱེད་ལས་བཟོའི་ལས་ཤག་རྣམས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བོད་དུ་ཡོང་མཁན་གྱི་གཅིག་སྡུད་ལོགས་འཇོག་ལྟ་ཞིབ་བྱ་ཡུལ་དུ་སྒྱུར་བཀོད་བྱས་པ་རེད། ལོགས་འཇོག་ལྟ་ཞིབ་བྱ་ཡུལ་དུ་ཁང་པ་718ཡོད་པ་དང་མིག་སྔར་ཉལ་ཁྲི་1220ཡོད་ཅིང་། གཅིག་སྡུད་ལོགས་འཇོག་ལྟ་ཞིབ་མི་སྣ་656ཡོད་པ་དེ་དག་ལྷ་ཉིང་ལྕགས་ལམ་དང་། མཐའ་སྲུང་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ། གྲོང་ཁྱེར་འཛུགས་སྐྲུན། ཁུལ་གསུམ་ཀྲོའུ་གསུམ་གྱི་ཞིང་དྲ་སྒྱུར་བཀོད། ཡུལ་གཞན་དུ་གནས་སྤོ། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ། གཏེར་ཐོན་གསར་སྤེལ་སོགས་ཀྱི་རྣམ་གྲངས་དང་འབྲེལ་བ་ཡོད།
ལོགས་འཇོག་བྱ་ཡུལ་དུ་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ཏེ། གྲོང་ཁྱེར་དེའི་རྫོང་རིམ་པའི་ལས་བྱེད་པས་བཅའ་སྡོད་ལས་རེས་བྱས་པ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ་6དང་སྨན་དོན་མི་སྣ་6གིས་ལོགས་འཇོག་མི་སྣའི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་བཞིན་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་གཞན་གྱི་ལས་འགོ་བསྐྱར་འཛུགས་མི་སྣ་ཁག་དང་པོ་ལོགས་སུ་འཇོག་དུས་ཐིམ་ནས་ལས་གནས་སུ་ལོག་པ།