གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རང་བཤེར་རང་བཅོས་ཀྱི་ལས་དོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཆེད། ཉེ་དུས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པ་དང་དེ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་20དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱི་རྫོང་རིམ་པའི་ལས་བྱེད་པ་222ལས་གྲུབ་པའི་ལས་དོན་ཚོགས་ཆུང་18རྫོང་ཆུས་18སོ་སོར་བཅའ་སྡོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རང་བཤེར་རང་བཅོས་ཀྱི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རང་བཤེར་རང་བཅོས་བྱེད་རིང་གཙོ་བོ་དབུལ་སྐྱོར་ཁྱབ་ཁོངས་སྔར་བས་གནད་སྨིན་དབྱེ་འབྱེད་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞིའི་དཔྱད་ཡིག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་འཐུང་ཆུའི་ཆ་རྐྱེན་ལེགས་སུ་གཏོང་བ། སྨན་བཅོས་ཐ་སྐྱོང་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་འབོར་དབུལ་པོའི་འབྲེལ་ཡོད་གནད་དོན་འཐུས་སྒོ་ཚང་དུ་གཏོང་བ། མི་འབོར་དབུལ་པོའི་སྡོད་ཁང་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ལེ་ལག་སྒྲིག་བཀོད་མགྱོགས་མྱུར་སྐྲུན་པ། ཐོན་ལས་དབུལ་སྐྱོར་རྣམས་གྲངས་རྩིས་བཤེར་སོགས་གཙོ་གནད་ལས་དོན་སྤེལ་བ་རེད། མིག་སྔའི་བར་དིང་རི་རྫོང་ནས་ཤེས་རྟོགས་བྱུང་བའི་གནད་དོན་7ཚང་མར་དག་ཐེར་བྱས་པ་དང་། པ་སྣམ་རྫོང་ནས་ཤེས་རྟོགས་བྱུང་བའི་གནད་དོན་6ལ་བཅོས་སྒྲིག་བྱས་ནས་དུས་བཅད་གཞིར་བཟུང་དག་ཐེར་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ། རྫོང་ཆུས་གཞན་གྱི་རང་བཤེར་རང་བཅོས་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ཁག་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱབ་ནས་མགྱོགས་མྱུར་ཐག་གཅོད་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།