ལྗོངས་ཡོངས་ཀྱི་ཏང་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་མ་དངུལ་ཞལ་འདེབས་ཕུལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱས་པ།

de05410c-4e31-4a34-8e1a-407622e27e0c.jpg.1.jpg

འདི་ནི་བོད་ལྗོངས་ཀྱི་གློག་ཤུགས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རང་འགུལ་ངང་ཞལ་འདེབས་འབུལ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས་བོད་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བའི་ཁྲོད་གདོང་ལེན་པ་དང་མིག་དཔེའི་ནུས་པ་འདོན་པ་དང་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་པ་སོགས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། བོད་ལྗོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བཅས་གཞིར་བཟུང་། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་འབྲེལ་ཡོད་ཡིག་ཆ་རབ་དང་རིམ་པ་བཟོས་ནས་བཀྲམ་ཐོག“འགན་གཙང་ལེན་པ་གསུམ”(ཡུག་འགན་གཙང་དང་། དུད་ཚང་འགན་གཙང་། མི་སྣ་འགན་གཙང་བཅས)གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་ཁ་གསལ་བཏོན་པ་དང་། མཉམ་དུ་སྔོན་འགོག་ཚོད་འཛིན་དང་། ངེས་པར་དུ་བཅར་འདྲི་བྱེད་དགོས་པ་གསུམ་དང་ཞིབ་བཤེར་བྱེད་དགོས་པ་གསུམ། ཏང་འཛུགས་སྐྱོང་གི་མཉམ་ཞུགས་གྲོས་དོན“ཁག་གསུམ”གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “སྔོན་ལ་བརྒྱད”(སྔོན་ལ་གདན་ཞུ་དང་། སྔོན་ལ་བསམ་གཞིག སྔོན་ལ་འཇོག་པ། སྔོན་ལ་རྒྱུགས་སྤྲོད་བསྡུ་ལེན། སྔོན་ལ་འཇུག་པ། སྔོན་ལ་བསྡུ་བ། སྔོན་ལ་གནས་སྤོར། སྔོན་ལ་འོས་སྦྱོར་བཅས)ལག་བསྟར་བྱེད་པ། དོ་དམ་དང་གཅེས་སྐྱོང་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། “འགན་ལེན་གཉིས”སོགས་ཞིབ་ཕྲའི་བྱེད་ཐབས་ལྔ་ཤུགས་ཆེར་གཏོང་བ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་དང་རང་རྟོགས་ངང“སྣེ་ཁྲིད་དྲུག”ཐུབ་པ་བྱས་ནས་ཏང་གི་དར་ཆ་རིམས་འགོག་འཐབ་རྩོད་ཀྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་ཐུབ་པར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཚོས་བྱེད་ཐབས་སྣ་ཚོགས་དང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5ལྷག་ཙམ་ཞལ་འདེབས་ཕུལ་བའི་ཁྲོད་ལྗོངས་ཡོངས་ཀྱི་ཏང་ཡོན་མི་ཐེངས་ཁྲི་52ལྷག་ཙམ་གྱིས་ཁྱོན་སྒོར་དུང་ཕྱུར་1.1ཕུལ་བ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཏང་ཡོན་ཁྲི་18.7གྱིས་ཞལ་འདེབས་སྒོར་ཁྲི་1774ལྷག་ཙམ་ཕུལ་བ་དེས་ཞིང་འབྲོག་ཏང་ཡོན་བསྡོམས་འབོར་གྱི་95.49%བཟུང་ཡོད་པ་རེད། དེ་དང་ཆབས་ཅིག རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ཁྱོན་མང་ཚོགས་དུད་ཚང་ཁྲི་78.52ལ་བཅར་འདྲི་བྱས་པ་དང་། སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཐེངས་ཁྲི་85.48དྲིལ་བསྒྲགས་བྱས་པ། དྲིལ་བསྒྲགས་དཔྱད་ཡིག་ཁྲི་118.9སྤྲད་པ། ཕྱི་ནས་ཡོང་མཁན་མི་ཐེངས་ཁྲི་32.25ལ་གྲལ་བཤེར་བྱེད་རོགས་བྱས་པ། དུག་སེལ་དང་གཙང་སྦྲ་ཐེངས་ཁྲི་26.17བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཁྲི་90.71སྤྲོད་རོགས་བྱས་པ། ཞིང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“མཐའ་མའི་འགག་གནད”བསལ་བ་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།