བོད་ལྗོངས་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་རིམས་ནད་ལ་འགོག་རྒོལ་ངང་གོང་འཕེལ་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་།  ལྗོངས་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་རིམས་ནད་ལ་འགོག་རྒོལ་ངང་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་ཞབས་ཞུ་བྱེད་ཅེས་པའི་བརྗོད་དོན་གཙོ་བོ་བྱས་པའི2020ལོའི་དམངས་བདེ་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད་སྤེལ་བ་དང་།  རྣམ་གྲངས29ཡི་བྱ་ཐབས83བཏོན་ནས་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པ་དང་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་སྐུལ་སྤེལ་བཏང་ནས།  ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་ཆེད།  ལྗོངས་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟེ་དཀའ་ངལ་ཡོད་པའི་ལས་རིགས་ཁེ་ལས་དང་ལྷག་པར་དུ་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས།  སྒེར་གྱི་ཚོང་གཉེར་དུད་ཚང་བཅས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ཁྲལ་བསྡུའི་སྲིད་ཇུས་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དང་།  ཁེ་ལས་ཀྱི་ཐོན་ཚོང་ཐད་སྦྲེལ་མཐུད་དབྱེ་ཞིབ་དང་རོགས་སྐྱོར་གནད་འཕིགས་བྱེད་རྒྱུ།  ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་ཐབས་བཅུ་བཏོན་ནས།  དངུལ་ཁྲལ་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ།  གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་ཕན་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་དངོས་གཟུགས་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས།  བོད་ཀྱི་དཔལ་འབྱོར་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད།  དེ་དང་ཆབས་ཅིག་དྲ་ཐོག་ཁྲལ་གཉེར་གྲོན་དངུལ་འཇལ་རྒྱུ་དང་འཛིན་ཤོག་ཞབས་ཞུ་ལེགས་སུ་གཏོང་བ།  ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག་དོན་འཁྱོལ་ནན་ཏན་བྱེད་པ་སོགས་བྱ་ཐབས་བཟུང་བ་བརྒྱུད།  དཔྱ་ཁྲལ་དང་འབྲེལ་བའི་བརྒྱུད་རིམ་གྱི་དཔྱད་གཞི་སྟབས་བདེ་ཅན་དང་དཔྱ་ཁྲལ་དང་འབྲེལ་བའི་བྱ་བའི་གཉེར་སྒྲུབ་མགྱོགས་པ།  ཁྲལ་གཉེར་གྱི་གྲོན་དངུལ་འཇལ་རྒྱུ་སྟབས་བདེ་བ་བཅས་ཡོང་རྒྱུ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།