འདི་ནི་རྟེན་གཞིར་གསོ་སྤེལ་བྱས་པའི་བཞོན་མ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གཉལ་གཞུང་གི་ཚད་ལྡན་ཅན་གྱི་བཞོན་མ་གསོ་སྤེལ་རྟེན་གཞི་རུ་ལྕི་བ་གཙང་སེལ་སྒྲིག་ཆས་དང་འོ་འཇོ་འཕྲུལ་ཆས་སོགས་སྔོན་ཐོན་སྒྲིག་ཆས་མང་པོ་སྤྱོད་ཀྱི་ཡོད་པ་དང་། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ས་མཐོའི་སྐྱེ་ཁམས་བཞོན་མ་གསོ་སྤེལ་ར་བ་ཞིག་རེད། དེའི“ཀུང་སི+རྟེན་གཞི+ཞིང་དུད”བཅས་ཀྱི་གཉེར་སྐྱོང་བྱ་ཐབས་སྤྱད་དེ་གཙོ་བོ་རྩེར་སོན་གྱི་འོ་མ་དང་། ཞོ། མར། ཕྱུར་བ་སོགས་ཐོན་སྐྱེད་ལས་སྣོན་བྱེད་བཞིན་ཡོད། མིག་སྔར་བཞོན་མ1200ཡོད་པ་དང་ས་ཆ་དེ་གའི་མང་ཚོགས88ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད་ཅིང་། དེའི་ནང་ད་དུང་སློབ་ཆེན་མཐར་ཕྱིན་སློབ་མ18ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཚན་རིག་དང་མཐུན་པའི་གསོ་སྤེལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་བ།