ཆབ་མདོ་གྲོང་ཁྱེར་གྱིས་འབྲུ་རིགས་འདེབས་པའི་གཞི་ཁྱོན་མུའུ་ཁྲི67ལ་སླེབས་རྩིས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱི་ཞིང་ལས་ཞིང་སྡེ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཆབ་མདོ་གྲོང་ཁྱེར་གྱིས་སྔ་མོ་ནས་འཆར་འགོད་དང་།  སྲིད་ཇུས་བརྟན་པོ་དང་ཐོན་ཚད་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་དཔྱིད་འདེབས་ལ་དམ་འཛིན་དང་དངོས་ཟོག་མཁོ་སྤྲོད་འགན་སྲུང་བྱ་བར་དམ་འཛིན་བྱས། 

སོན་བཟང་ཉོ་སྒྲུབ་གཏོང་འདྲེན་བྱ་བ་ལེགས་པོར་སྒྲུབ་ནས་གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་འབྲུ་རིགས་འདེབས་པའི་གཞི་ཁྱོན་མུའུ་ཁྲི67.58ལ་སླེབས་པའི་འཆར་གཞི་བཟོས་ཡོད། བསྡོམས་པས་རིགས་སོ་སོའི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་རྒྱ་མ་ཁྲི473.06ཉོ་སྒྲུབ་གཏོང་འདྲེན་བྱས། མིག་སྔར་ཉོ་སྒྲུབ་གཏོང་འདྲེན་བྱ་བ་དེ་གྲོང་ཁྱེར་ཞིང་ལས་དར་སྤེལ་སྤྱི་ཁྱབ་ས་ཚིགས་དང་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ལྟེ་གནས་དང་། ལྷ་ས། ལྷོ་ཁ། གཞིས་རྩེ་བཅས་ཀྱི་ཞིང་ལས་ཞིང་སྡེ་ཅུའུ་སོགས་ཀྱིས་གྲོས་མོལ་བྱས་ནས་སྤེལ་བཞིན་པའི་སྒང་ཡིན་ལ། འབྲུ་རིགས་འདེབས་པའི་སྔོན་ལ་རྫོང(ཆུས)སོ་སོར་གཏོང་འདྲེན་བྱ་རྒྱུ་ཡིན་པ་རེད། 

ཞིང་སྤྱོད་རྫས་ལུད་དང་ཞིང་སྨན་གྱི་ཉོ་སྒྲུབ་གཏོང་འདྲེན་བྱ་བར་འགན་སྲུང་བྱེད་པར་གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་རྫས་ལུད་ཏུན6844མངགས་ཉོ་བྱས་པ་དང་སྔོན་དཔག་བྱས་པ་ལྟར་ན་ཟླ3པའི་ཟླ་མཇུག་ཏུ་རྫས་ལུད་ཚང་མ་གཏོང་འདྲེན་ལེགས་འགྲུབ་བྱུང་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་ཞིང་སྨན་ཏུན7.446ཉོ་སྒྲུབ་བྱས། མིག་སྔར་ཞིང་སྨན་ཉོ་སྒྲུབ་དྲ་ཐོག་ནས་དམིགས་འགུག་བྱེད་པའི་ལས་དོན་ཚང་མ་ལེགས་འགྲུབ་བྱུང་།  

སྔོ་ཚལ་ཐོན་སྐྱེད་འགན་སྲུང་བྱ་བར་ཤུགས་སྣོན་བྱས། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11ལ་བསྡོམས་པས་ཉི་འོད་དྲོད་ཁང2253ཡོད་པ་དང་། མིག་སྔར་ཉི་འོད་དྲོད་ཁང2196བེད་སྤྱོད་བྱེད་བཞིན་ཡོད་པ་དང་སྔོ་ཚལ་འདེབས་པའི་གཞི་ཁྱོན་མུའུ1252ལྷག་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཉིན་རེར་སྔོ་ཚལ་ཏུན6.53ཐོན་སྐྱེད་བྱེད་བཞིན་ཡོད་པའི་ཁར། ཉེ་དུས་ཀྱི་སྔོ་ཚལ་ཕྱིར་གཏོང་གསོག་འཇོག་བྱས་ཡོད་པ་དེ་བསྣན་རྗེས་སྔོ་ཚལ་འདོན་སྤྲོད་དང་འགན་སྲུང་གཞི་རྩའི་ཆ་ནས་དོ་སྙོམས་ཡིན།  

གནམ་གཤིས་ཇེ་དྲོ་རུ་ཕྱིན་པ་དང་བསྟུན་ནས་ད་ལོ་ཆབ་མདོ་གྲོང་ཁྱེར་གྱི་དཔྱིད་འདེབས་བྱ་བ་དེ་ས་བབ་དམའ་བའི་དཔའ་ཤོད་དང་བྲག་གཡང་ནས་ས་བབ་མཐོ་བའི་ས་ཁུལ་དུ་སྤེལ་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་དཔྱིད་འདེབས་བྱ་བ་དེ་སྔོན་དཔག་བྱས་པ་ལྟར་ན་ཟླ4བའི་ཟླ་དཀྱིལ་དུ་ཕྱོགས་ཡོངས་ནས་སྤེལ་རྒྱུ་དང་ཟླ5བའི་ཟླ་མཇུག་ཏུ་ཡོངས་སུ་མཇུག་རྫོགས་རྒྱུ་རེད། མིག་སྔར་དཔའ་ཤོད་རྫོང་གིས་དཔྱིད་འདེབས་བྱ་བ་སྤེལ་འགོ་ཚུགས་པ་དང་། མིག་སྔའི་བར་དུ་དཔྱིད་འདེབས་རྒྱ་ཁྱོན་མུའུ6350ཟིན་ཡོད། ལྷོ་རོང་རྫོང་གིས་མགྱོགས་མྱུར་ངང་རྫས་ལུད་དང་ས་བོན་འདྲེན་གཏོང་བྱས་ཏེ་ཤང་གྲོང་སོ་སོར་སྔ་གཞུག་ཏུ་རྩིས་སྤྲོད་བྱེད་བཞིན་པའི་སྒང་ཡིན། དཔལ་འབར་རྫོང་གིས་རྫས་ལུད་ཏུན371དངོས་འབེབས་བྱས་པ་མ་ཟད། རྫོང་དང་ཤང་རིམ་པ་གཉིས་ཀྱི་ཞིང་ལས་ཞིང་ཁའི་དོ་དམ་ཆེད་ལས་མཉམ་ལས་ཁང་གི་ལག་རྩལ་པ38འཐེན་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་འཐབ་ས་དང་པོའི་ལག་རྩལ་མཛུབ་ཁྲིད་ཞབས་ཞུ་བྱ་བའི་ཁྲོད་ཞུགས་པར་མངགས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།