བོད་ལྗོངས་ཀྱིས་ཉེན་ཡོད་སྡོད་ཁང་ཁྲི4.36ཕྱོགས་ཡོངས་ནས་བསྒྱུར་བཀོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2016ལོ་ནས2019ལོའི་བར་དུ། བོད་ལྗོངས་ཀྱིས་བསྡོམས་པས་ཉེན་ཡོད་སྡོད་ཁང་གི་བསྒྱུར་བཀོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར7.88དངོས་འབེབས་བྱས་ཤིང་། ཕྱོགས་ཡོངས་ནས་ཉེན་ཡོད་སྡོད་ཁང་ཁྲི4.36ཡི་བསྒྱུར་བཀོད་ལས་འགན་ལེགས་འགྲུབ་བྱས་ཏེ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་དང་། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། ཞིང་སྡེའི་ཁ་ཐོར་འཚོ་སྐྱོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་བོ་བཅས་གཙོ་གནད་བྱ་ཡུལ་རིགས་བཞི་ཡི་སྡོད་ཁང་བདེ་འཇགས་རྐྱེན་ངན་མེད་པར་བཟོས།

 འབྲེལ་ཡོད་བླང་བྱ་ལྟར་ན། བོད་ལྗོངས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་དང་། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། ཞིང་སྡེའི་ཁ་ཐོར་འཚོ་སྐྱོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་བོ་བཅས་གཙོ་གནད་བྱ་ཡུལ་རིགས་བཞི་བོ་དེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཀྱི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་ཀྱི་གཙོ་གནད་དུ་བརྩིས་ཏེ། དེའི་ཁང་བAདང་། Bདང་། CDབཅས་རིམ་པ་བཞི་ལྟར་བདེ་འཇགས་རང་བཞིན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱ་རྒྱུ་དང་། གསལ་འབྱེད་རིམ་པCདངDཡིན་པའི་ཁང་བ་སྒྱུར་བཀོད་ཁྱབ་ཁོངས་ནང་བཅུག་ནས། Cརིམ་པའི་ཁང་པ་ཡུལ་བབ་དང་བསྟུན་ནས་བརྟན་གཏོང་ཉམས་གསོ་དང་། Dརིམ་པའི་ཁང་བ་བཤིག་ནས་བསྐྱར་སྐྲུན་བྱ་རྒྱུ་རེད། 

བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་སྡོད་ཁང་འཛུགས་སྐྲུན་ཐིན་ཞིང་སྡེ་གྲོང་རྡལ་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་བློ་བཟང་ཚེ་རིང་གིས་བཤད་རྒྱུར། ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་བྱས་པ་དེས་རོང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་ལྗོངས་ཡོངས་ཀྱི་རྫོང་དབུལ་བོའི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་དབུལ་བོ་དབུལ་རྐྱང་སེལ་པར་རྨང་གཞི་བརྟན་པོ་བཏིང་ཡོད། གོམ་སྟབས་རྗེས་མར་སྡོད་ཁང་བདེ་འཇགས་འགན་སྲུང་དང་གཞི་རྩའི་སྤྱི་བའི་ཞབས་ཞུ་དོ་སྙོམས་ཅན་ལ་དམིགས་ཏེ། ཞིང་སྡེའི་སྡོད་ཁང་ཇུས་འགོད་དང་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་ཤུགས་སྣོན་དང་། ཉེན་ཡོད་སྡོད་ཁང་དང་ཁང་རྙིང་བསྒྱུར་བཀོད་དང་། ནུས་རྒྱུ་གྲོན་ཆུང་མཐོར་འདེགས། ཡོམ་འགོག་བརྟན་གཏོང་བཅས་ལ་སྐུལ་འདེད་བཏང་ནས་ཞན་ཆ་ཁ་གསབ་བཅས་བྱ་རྒྱུ་ཡིན་ཟེར།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།