​ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ།

༡.jpg

འདི་ནི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་ཨར་ལས་བྱ་ཡུལ་དུ་ལས་བཟོ་བས་ལུས་དྲོད་ཚད་འཇལ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན། ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་། ཨར་ལས་བྱ་ཡུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ཏུ་ལས་བཟོ་པས་འཛུགས་སྐྲུན་བྱ་བ་གོ་རིམ་ལྡན་པའི་ངང་སྒྲུབ་པ་རེད། 

༢.jpg

འདི་ནི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་ཨར་ལས་བྱ་ཡུལ་དུ་ལས་བྱེད་མི་སྣས་དུག་སེལ་སྨན་ཆུ་གཏོར་བཞིན་པ།

ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་ནི་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་ཚན་བཅུ་གསུམ་པའི”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཤིག་རེད།   ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང1966ལོར་དངོས་སུ་ཤར་གཏོང་ཐུབ་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ74ཤར་གཏོང་ཐུབ་ཡོད་ལ། ཐེངས་འདིའི་གནམ་གྲུ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་ལེགས་གྲུབ་བྱུང་རྗེས2025ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི900དང་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི8ཟིན་པའི་དམིགས་ཚད་སྐོང་རྒྱུ་རེད། 

༣.jpg

    འདི་ནི་ལས་བཟོ་པས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ། 

རྒྱུས་ལོན་བྱུང་བ་ལྟར་ན། གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་གསར་པ2020ལོར་ལས་མཇུག་འགྲིལ་རྒྱུ་དང་2021ལོའི་ལོ་འགོར་སྤྱོད་འགོ་ཚུགས་རྒྱུའི་འཆར་གཞི་ཡོད། ཐེངས་འདིར་ལས་འགོ་བསྐྱར་ཚུགས་བྱས་རྗེས་རྣམ་གྲངས་དེས་མཁའ་འགྲུལ་ས་ཚུགས་གསར་པའི་ཤེལ་གྱང་སྒྲིག་སྦྱོར་དང་ལྟེ་བའི་ཁུལ་གྱི་ངར་ལྕགས་གྲུབ་ཆ་འཛུགས་སྐྲུན་སོགས་ཀྱི་ལས་ཀ་བྱས་ནས་དུས་བཅད་ལྟར་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཐུབ་པར་འགན་ལེན་བྱ་རྒྱུ་རེད། 

༤.jpg

    འདི་ནི་ལས་བཟོ་པས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ།

༥.jpg 

    འདི་ནི་ལས་བཟོ་པས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ། 

༦.jpg

    འདི་ནི་ལས་བཟོ་པས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།