ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་སྨར་ཁམས་རྫོང་སྤང་མདའ་ཤང་རྒྱ་སྣེ་སྟེང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་དགུ་པས་གྲོང་ཚོར་བཅའ་སྡོད་བྱས་ཚུན་གོང་རིམ་ཚན་པ་ཁག་གི་ཡང་དག་པའི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དེ་བ་ཞིན་ས་གནས་དེ་གའི་གཞི་རིམ་རྩ་འཛུགས་དང་མང་ཚོགས་ཀྱི་གཞོགས་འདེགས་ཧུར་ཐག་བྱས་པ་བཅས་ཀྱི་འོག་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལས་འགན་བདུན་ལ་དམ་པོར་དམིགས་ཏེ་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་དང་ས་གནས་ས་ཐོག་ཏུ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་རྒྱ་སྣེ་སྟེང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་འཆར་གཞི་དང་། གོ་རིམ། གཙོ་གནད་བཅས་ཡོད་པའི་སྒོ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་ཏན་ཏིག་ངང་སྤེལ་ཡོད་པ་རེད།
ཁ་བ་བུ་ཡུག་ཚུབ་ཀྱང་གྲོང་ཚོའི་ནང་རིམས་འགོག་དྲིལ་བསྒྲགས་བྱེད་པར་བསྐྱོད།
ཏོག་གསར་གློ་ཚད་ཀྱི་རིམས་འགོག་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་དེ་བས་ཡག་པོ་ཡོང་བ་བྱ་ཆེད། གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་བབ་དང་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པའི་དཀའ་ངལ་གང་ལའང་མ་འཛེམས་པར་དུད་ཚང་དུ་བསྐྱོད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གལ་ཆེའི་རང་བཞིན་དང་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་པ་མ་ཟད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་ད་དུང་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཞལ་འདེབས་ཕུལ་བ་རེད།
ས་གནས་ས་ཐོག་ཏུ་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
རིམས་འགོག་གི་ལས་དོན་ཁག་ནན་ཏན་གྱིས་ལེགས་སྒྲུབ་བྱེད་པ་དང་དུས་མཚུངས་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཁག་སྔར་ལས་ལེགས་པར་སྤེལ་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་དེ་བཞིན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་དང་མཉམ་དུ་གཟའ་འཁོར་གཉིས་ཀྱི་དུས་ཚོད་སྤྱད་དེ་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པའི་རྣམ་པའི་ཐོག་ནས་གྲོང་ཚོའི་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས་གོམ་སྟབས་རྗེས་མའི་ལས་དོན་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་དེ་བས་ཡག་པོ་ཐོབ་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱ་ཆེད། དུད་ཚང་དུ་བསྐྱོད་ནས་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱས་ནས་ཁོང་ཚོར་ཏང་གི་གཟིགས་སྐྱོང་སྲིད་ཇུས་ཁག་དྲིལ་བསྒྲགས་དང་འབྲེལ་ཁོང་ཚོའི་ཁྱིམ་ཚང་གི་ཡོང་འབབ་འབྱུང་ཁུངས་དང་། ཐོན་སྐྱེད་དང་འཚོ་བ། བུ་ཕྲུག་གི་སློབ་གསོ། ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གནས་ཚུལ། ལས་ཞུགས་གནས་ཚུལ། འདོད་མོས་རང་བཞིན་གྱི་ཐོན་ལས་འཕེལ་རྒྱས་འགྲོ་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་དུད་ཚང་དབུལ་པོ་ཚང་མར་དབུལ་སྒྲོལ་གྱི་ཐབས་ཇུས་བཟོ་བ་དང་། དུད་ཚང་དབུལ་པོའི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ། རང་བརྟེན་དབུལ་སྒྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་ཡོང་བ་བཅས་བྱས་ཡོད་པ་རེད།
ས་གནས་ས་ཐོག་ཏུ་གནས་ཚུལ་ཤེས་རྟོག་བྱེད་པར་སྐྱོད་བཞིན་པ།
ཚ་ཕོག་སྟབས་བདེ་དང་དགུང་བཟས་སྟབས་བདེ།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་སྒྲོལ་དང་རིམས་འགོག་གཉིས་ཀ་དམ་བཟུང་བྱས།