བོད་ལྗོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་ད་ལོའི་མེ་ཟོན་ལས་དོན་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན།  རྒྱལ་ཡོངས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས།  ནགས་ཚལ་དང་རྩྭ་ཐང་གི2020ལོའི་མེ་ཟོན་ལས་དོན་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  

ཚོགས་འདུའི་ཐོག་བསམ་བློའི་ངོས་འཛིན་སླར་ཡང་ཟབ་ཏུ་གཏོང་བ་དང་དོགས་ཟོན་བཅོས་སྐྱོང་གཏིང་ཟབ་བྱེད་པ།  བབ་བསྟུན་ཐག་གཅོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཐོག  འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་།  འགན་འཁྲི་རྩད་གཅོད་སླར་ཡང་ཁ་གསལ་ཡོང་བ་བྱས་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་རིང་དགོས་པའི་ལས་མི་བྱེད་པ་དང་འགན་འཁྲི་མི་འཁུར་བ།  འགན་འཛོལ་འགན་ཤོར་བཅས་ཀྱི་འགན་འཁུར་བའི་འགན་འཁྲི་བདའ་འདེད་བྱེད་དགོས་པའི་ནན་བཤད་བྱས་ཡོད།།       

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།