བོད་ལྗོངས་ཟངས་རི་རྫོང་སྡོང་ཕྲུག་ལྡུམ་ར་རྟེན་གཞིའི་མཐོང་ཐོས།

༡.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་འཕྲིན་པ་སྡེ་བའི་སྡེ་མིས་སྡོང་ཕྲུག་ར་བའི་ནང་གསོ་མྱུག་ཆུ་ལ་སྦངས་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་མུའུ་སྟོང་སྡོང་ཕྲུག་ལྡུམ་རའ་རྟེན་གཞི་ནི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་གནས་པ་དང་ས་ཁྱོན་མུའུ1017བཟུང་ཡོད་ལ། རྫོང་དེས་བསྐྲུན་པའི་ལྗང་མདོག་དམངས་ཕྱུག་ཐོན་ལས་གལ་ཆེན་ཞིག་རེད། “སྔོན་ཆད་གནས་འདི་ནི་རི་རྒོད་ཅིག་ཡིན་པ་དང་ང་ཚོས་མ་དངུལ་སྒོར་ཁྲི3000ལྷག་ཙམ་བཏང་ནས་སྒྱུར་བཀོད་གསར་སྤེལ་བྱས་པ་དང་། ལྗང་སྒྱུར་སྡོང་ཕྲུག་དང་། སྐྱེ་ཁམས་ཤིང་འཛུགས་སྡོང་ཕྲུག དཔལ་འབྱོར་ནགས་ཚལ་གྱི་ཤིང་འབྲས་མྱུ་གུ་སོགས་སྣ་ཁ48དང་རྐང་ཁྲི88འདེབས་འཛུགས་བྱས་ཡོད། “ཅེས་རྟེན་གཞིའི་འགན་འཁུར་བ་པ་སངས་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོ་ནས་བཟུང་རྟེན་གཞིས་ཞིང་པར་གླ་ཕོགས་སྒོར་ཁྲི600ལྷག་ཙམ་སྤྲད་དེ་ཁྱིམ་ཚང17གྱི་མི64དབུལ་ཐར་བྱུང་བར་སྐུལ་ཁྲིད་བྱས་ཡོད། 

སྡེ་བའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཡིན་པའི་ཚེ་ཧ་ལམ་ཉིན་བཞིན་དུ་རྟེན་གཞིར་ལས་ཀ་བྱེད་པར་ཡོང་གིན་ཡོད། ཞིང་དལ་སྐབས་རྟེན་གཞིར་སྡོང་ཕྲུག་འཛུགས་རོགས་དང་མྱུ་གུ་གསོ་རོགས་བྱས་པར་ཉིན་གཅིག་ལ་གླ་ཆ་སྒོར150ཡོད་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི6ལས་མི་ཉུང་བ་ཡོད། 

༢.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་འཕྲིན་པ་སྡེ་བར་ལག་རྩལ་བློ་འདྲི་བས་སྡེ་མིར་མྱུག་གསོའི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

ས་སྐྱེས་རྡོ་སྐྱེས་ཀྱི་འཕྲིན་པ་སྡེ་བའི་སྡེ་མི་པ་སངས་ཟླ་བས་གསོ་སྦྱོང་སློབ་གྲྭ་དང་། ཨར་ལས་རུ་ཁག ཇ་ཁང་བཅས་གཉེར་མྱོང་ཡོད་པ་དང་མཐར་ཁོང་གིས་སེམས་ནུས་དང་ལོ་མང་གསོག་འཇོག་བྱས་པའི་ཡོང་འབབ་ལྗང་མདོག་ཐོན་ལས་ཐད་བཏང་བ་རེད། ཁོང་གིས“ལྗང་མདོག་ཐོན་ལས་ཀྱིས་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་མ་ཟད། ད་དུང་ཡུལ་མི་ཚོ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པས་དེ་ནི་འཕེལ་ཕྱོགས་ཤིག་རེད། ”ཟེར།

འཆར་གཞི་ལྟར་ན། རྟེན་གཞིས་ཕྱིར་ཚོང་བྱས་པའི་སྐྱེ་ཁམས་སྡོང་ཕྲུག་དེ་ནགས་བཟོ་བྱེ་བཅོས་ཐད་སྤྱད་པ་དང་། ནགས་ཚལ་གྱི་ཤིང་འབྲས་མྱུ་གུས་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བ་བྱེད་པ། ལྗང་མདོག་སྡོང་ཕྲུག་གིས་ལྗང་མྱུག་སྡེབ་ནས་རི་བོ་སྔོ་ལྗང་ཅན་དུ་བཏང་ཡོད། 

༣.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་འཕྲིན་པ་སྡེ་བའི་སྡེ་མིས་སྡོང་ཕྲུག་ར་བའི་ནང་སྡོང་ཕྲུག་ལ་འགྱིག་ཤོག་བཏིངས་བཞིན་པ།

ཟླ3པའི་ཟླ་དཀྱིལ་ནས་བཟུང་བོད་ལྗོངས་ལྷོ་ཁའི་ས་གནས་ཁག་གཅིག་རྗེས་གཉིས་མཐུད་ངང་ཤིང་འཛུགས་ནགས་བཟོའི་དུས་ཚིགས་སུ་སླེབས་ཤིང་། འཆར་འགོད་ལྟར་ན། ད་ལོར་ལྷོ་ཁ་གྲོང་ཁྱེར་གྱིས་སྡོང་རྐང་ཁྲི98.56འདེབས་འཛུགས་བྱ་རྒྱུ་དང་རྒྱ་ཁྱོན་མུའུ་ཁྲི4.68ཡོད་པ་རེད། 

༤.jpg

འདི་ནི་ཟླ3པའི་ཚེས11ཉིན་པར་བླངས་པའི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་མུའུ་སྟོང་གི་སྡོང་ཕྲུག་ར་བའི་རྟེན་གཞི་ཡིན། 

ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཁོའོ་ཡི་འགན་འཁུར་བ་བློ་བཟང་བསོད་ནམས་ཀྱིས་མིག་སྔར་གྲོང་ཁྱེར་ཡོངས་སུ་སྡོང་ཕྲུག་ར་བའི་གྲངས་འབོར58ཟིན་ནས་ཉམས་མྱོང་ལྡན་པ་དང་། ལག་རྩལ་ཤེས་པ། ལག་ལེན་ལ་མཐོང་ཆེན་བཅས་ཀྱི་ཞིང་པའི་བྱེ་བཅོས་དཔུང་ཁག་གཅིག་གསོ་སྐྱོང་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།