བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་དངུལ་དང་དངོས་པོ་མུ་མཐུད་ཞལ་འདེབས་བརྒྱབ་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལྷད་མེད་བརྩེ་སེམས་བཅངས་ནས་རོགས་སྐྱོར་བྱེད། དངུལ་དང་དངོས་པོ་རེ་རེས་བརྩེ་སེམས་མཚོན། ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་གཅེས་སེམས་ཁེ་ལས་དང་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་རེ་རེ་དང་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་རང་རྟོགས་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་ཚང་མས་སེར་སྣ་མེད་པར་དངུལ་དང་དངོས་པོ་ཞལ་འདེབས་ཧུར་ཐག་བརྒྱབ་ནས་ཐུན་མོང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་བཞིན་མཆིས།

གཞིས་རྩེ་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་དང་གཅེས་སེམས་མི་སྣས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ་དངུལ་དང་དངོས་པོ་རང་འགུལ་ངང་ཞལ་འདེབས་ཧུར་ཐག་བརྒྱབ་ཅིང་། སྐྱིད་གྲོང་རྫོང་གི་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་བསམ་གྲུབ་ཀྱིས་རང་ཉིད་ཀྱི་ལོ་གཅིག་གི་གླ་ཆ་སྒོར་ཁྲི་10ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་། གཉའ་ལམ་རྫོང་འགྲམ་གྲོང་རྡལ་གྱི་ལས་བྱེད་ལས་བཟོ་དང་མང་ཚོགས་ཚོས་རང་མོས་ངང་སྒོར་ཁྲི་20.9ཞལ་འདེབས་བརྒྱབ་ཡོད།

ཉིན་ཤས་བསྟུད་མར་བོད་ལྗོངས་གསེར་གྱི་མཆོད་རྟེན་འཛུགས་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིས་སྒོར་ཁྲི་200དང་སྒོར་ཁྲི་6རི་བའི་དངོས་པོ་ཞལ་འདེབས་བརྒྱབ་པ་དང་། བོད་ལྗོངས་རྟ་རྭ་འོག་ཚོགས་པ་ཀུང་སིས་སྒོར་ཁྲི་320ཞལ་འདེབས་བརྒྱབ་པ། བོད་ལྗོངས་ཧྲེང་ཞུང་ཚོགས་པ་ཀུང་སིས་སྒོར་ཁྲི་200དང་སྒོར་ཁྲི་10རི་བའི་དངོས་པོ་ཞལ་འདེབས་བརྒྱབ་པ། བོད་ལྗོངས་གངས་ཏི་སི་འཛུགས་སྐྲུན་ཚད་ཡོད་ཀུང་སིས་སྒོར་ཁྲི་330དང་སྒོར་ཁྲི་10རི་བའི་དངོས་པོ་ཞལ་འདེབས་བརྒྱབ་ཡོད། ཚང་མས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཚེ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད།

ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་སྐུལ་སློང་གིས་ཞལ་འདེབས་ཧུར་ཐག་བརྒྱབ་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས(ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཚུད་པ)ཁྱོན་བསྡོམས་སྒོར་1072287ཞལ་འདེབས་བརྒྱབ་ཡོད།

ཉེ་ཆར། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ། ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་བཅས་ཡིན་པའི་ཧན་ཞུའེ་ཅུན་གྱི་སྒྲིག་འཛུགས་འོག་ལས་དོན་རུ་ཁག་གིས་ཕྱོགས་མང་གྲབས་གསོག་བརྒྱུད་ལྷ་སའི་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་གི་བོད་སྐྱོར་དགེ་རྒན་42ལ་སྨན་སྤྱོད་ཕྱི་བཅོས་ཁ་རས་440དང་། སྤྱོད་གཅིག་མའི་ཁ་རས་450 སྤྱོད་གཅིག་མའི་ལག་ཤུབས་ཆ་440 སྨན་གཏོར་ཡོ་བྱད་3 དེ་བཞིན་ཆམ་རིམས་དང་ནད་དུག་འགོག་པའི་སྨན་རྫས་སྒམ་476བཅས་སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།