ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ནས་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ཁག་ཏན་ཏིག་ངང་སྤེལ་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་སྟེ་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རིག་སྐྱོར་བློ་སྐྱོར་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་པས་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་ནས་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་དང་ཡིད་ཆེས་ལ་སྐུལ་སྤེལ་བྱས་པ་མ་ཟད། མང་ཚོགས་ཀྱི་རང་བརྟེན་དབུལ་ཐར་གྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ཡོད། རིམ་པ་ཁག་གི་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ཚང་མར་ཨ་ལན་སློག་རྒྱུ་ཡོད་པ་དང་གནད་དོན་ཚང་མ་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་པ། དམངས་འཚོར་ཕན་པ་དང་། འབབ་འཕར་ལ་སྐུལ་འདེད། ཐོན་ལས་དམ་འཛིན་བཅས་བྱ་རྒྱུ་དེ་དབུལ་ཐར་ཕན་འབྲས་སྲ་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ནས་དབུལ་ཐར་མང་ཚོགས་སླར་ཡང་དབུལ་པོ་ཆགས་རྒྱུར་སྔོན་འགོག་བྱེད་དགོས། རང་ཚུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཏུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ཤེས་བྱ་སློབ་སྦྱོང་དང་། ཁོང་དུ་ཆུད་པ་བཅས་བྱེད་རོགས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ངོས་འཛིན་མཐོ་རུ་བཏང་ནས་སྔར་བས་ལེགས་པའི་རྣམ་འགྱུར་དང་ཏན་ཏིག་གི་སྤྱོད་ཚུལ་ཐོག་ནས་ལས་དོན་ནང་ཞུགས་པ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་པ་དང་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་ནང་དོན་དང་མི་སྣ་མངོན་གསལ་བྱས་ནས་དམིགས་ས་ཡོད་པའི་སྒོ་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་བ། མང་ཚོགས་ཀྱི་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་སྲ་བརྟན་དང་མཐོ་རུ་གཏོང་བ། མང་ཚོགས་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་བའི་སློབ་གསོ་དང་ཁྲིད་སྟོན་བྱེད་པ། ཚན་རིག་ལ་བརྩི་མཐོང་དར་སྤེལ་བྱེད་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བཅས་བྱེད་དགོས། ཁྱིམ་ཚང་དུ་བསྐྱོད་ནས་བརྟག་དཔྱད་བྱས་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རྨང་གཞིའི་དཔྱད་ཡིག་དུས་ཐོག་ཏུ་གསར་སྒྱུར་དང་གྲོང་ཚོའི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ་གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བ་བྱེད་དགོས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རོགས་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས་ཏེ་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།