ལྷ་གཞིས་མཐོ་རིམ་གཞུང་ལམ་གྱི་ལས་གཞི་བསྐྱར་དུ་ལས་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མཐོ་རིམ་གཞུང་ལམ་ནི་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”གཞུང་ལམ་འགྲིམ་འགྲུལ་འཆར་འགོད་གྱི་རྣམ་གྲངས་ཤིག་ཡིན་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ166.976ཡོད།  “ཟམ་པ་གཉིས་དང་ཕུག་ལམ་གཅིག”གི་ལྷ་ས་སྐྱིད་ཆུའི་ཟམ་ཆེན་ཤེལ་གྲོང་དང་ཕན་ཚུན་སྦྲེལ་མཐུད་བྱས་པ་ནས་བཟུང་ཆུ་ཤུར་རྫོང་དང་། སྙེ་མོ་རྫོང་། རིན་སྤུངས་རྫོང་བཅས་བརྒྱུད་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དང་སྦྲེལ་ནས་གཞིས་རྩེ་ཞི་བདེ་གནམ་གྲུ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་མཐོ་རིམ་གཞུང་ལམ་དང་སྦྲེལ་ཡོད། མིག་སྔར་རྣམ་གྲངས་དེའི་དུམ་མཚམས་སོ་སོའི་ལས་བགོས་ས་ཚིགས་རིམ་བཞིན་ལས་འགོ་ཚུགས་པ་དང་སྔོན་དཔག་བྱས་པ་ལྟར་ན་ཟླ3པའི་ཚེས15ཉིན་ཕྱོགས་ཡོངས་ནས་ལས་འགོ་ཚུགས་རྒྱུ་རེད།  །

1584061594672865.jpg

འཛུགས་སྐྲུན་བྱེད་བཞིན་པའི་ལྷ་གཞིས་མཐོ་རིམ་གཞུང་ལམ་གཞིས་རྩེ་དུམ་བུའི་ཏ་ཀྲུའུ་ཁ་ལའོ་སྣུམ་སྣོན་ས་ཚིགས་ནས་གཞིས་རྩེ་ཞི་བདེ་གནམ་གྲུ་ཐང་བར་གྱི་མྱུར་བགྲོད་ལམ་དུམ། 

1584061608532341.jpg

    བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་སྣོལ་མཚམས་ཀྱི་ལྕགས་རྩིབས་ལས་སྣོན་བྱ་ཡུལ་དུ་ལས་བཟོ་པས་ལྕགས་རྩིབས་ལས་སྣོན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།