ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུའུ་ཡིས་དམངས་འཚོའི་བྱ་བ་ཡག་པོ་དང་ཞིབ་ཚགས་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་སྤུས་ཚད་དང་ཆུ་ཚད་དེ་ཏང་ཡོན་དང་། ལས་བྱེད་པ། ལས་བཟོ་བཅས་ཀྱི་ཆབ་སྲིད་ཀུན་སྤྱོད་ལ་ཞིབ་བཤེར་བྱེད་པའི་ཐབས་ཤེས་ཡག་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མི་སེར་ཚོར་བྱ་བ་དངོས་དང་བྱ་བ་ཡག་པོ་སྒྲུབ་གང་ཐུབ་བྱས་ཡོད།

“བྱེད་ཐབས་གསུམ”ལེགས་སུ་བཏང་སྟེ་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུར་བརྟེན་ནས་དམངས་ལ་དྲོ་སྐྱིད་སྦྱིན་ཞིང་། ཕྱོགས་བསྡུས་ལས་སྟེགས་ཞབས་ཞུའི་ལམ་ལུགས་ཁྱབ་གདལ་བཏང་སྟེ། སྐར་ཁུང་གི་ཐོན་ཁུངས་བསྡུ་སྒྲིལ་དང་། སྐར་ཁུང་གི་སྒྲིག་བཀོད་ལེགས་གཏོང་། མི་སྣ་བཀོད་སྒྲིག ཕྱོགས་བསྡུས་ལས་སྟེགས་4བཅས་བཙུགས་པ་དང་། འགན་བཅོལ་ཐོ་འགོད་དང་། སྤྱི་ཚོགས་འགན་སྲུང་གི་འབྲེལ་བ་སྒྱུར་བ། འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་འདྲི་རྩད་སོགས་སྐར་ཁུང་གཅིག་ནས་གཉེར་ཐུབ་པ་བྱུང་ཡོད།

“ཐབས་ཤེས་གཅིག”བཏོན་ཏེ་ཆད་པ་གཅོད་པའི་བྱེད་ཐབས་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་བསལ་ཞིང་། ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་དཀའ་བའི་གནད་དོན་འཕྲད་རྐྱེན་ལས་མིར་གླ་ཆ་འགྱངས་ཆད་བྱས་པའི་དོན་དངོས་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྔོན་ཆད་ལས་མིར་གླ་ཆ་འདེད་རོགས་ཁོ་ན་བྱེད་པའི་རྨང་གཞིའི་ཐོག་ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་གཏོང་རོགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།