ད་ལོར་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་ཆུ་ཚད་སྔར་བའི་ཇེ་མཐོར་འགྲོ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་པས། བོད་ལྗོངས་ཀྱིས་དམངས་འཚོ་རྒྱུན་མཐུད་འགན་སྲུང་དང་ཇེ་ལེགས་སུ་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་གི་ནུས་པ་དང་ཆུ་ཚད་བཅས་ཇེ་མཐོ་རུ་གཏོང་རྒྱུ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བོད་ལྗོངས་ཀྱིས་དམངས་ཡོངས་འགན་སྲུང་ནང་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་སྲུང་འཚོ་སྐྱོང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་འཚོ་དངུལ་རྒྱུན་ལྡན་དུ་ལེགས་སྒྲིག་བྱེད་པ་ལེགས་འགྲུབ་བྱུང་བ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་བར་བརྒལ་དུས་ཀྱི་ཕན་བདེའི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར260མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བརྟན་པོའི་ངང་ལག་བསྟར་བྱེད་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ཕྱོགས་བསྡུས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་སྲུང་གི་མཐའ་སྐྱོང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་འཚོ་སྐྱོང་། “རྒན་གྲས་གསུམ་”གྱི་མི་སྣའི་ཁ་གསབ་རོགས་དངུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་རྒན་གསོའི་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་བཅས་ཀྱི་ཚད་གཞི་མུ་མཐུད་ཇེ་མཐོ་རུ་གཏོང་རྒྱུ། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་དང་རོགས་སྐྱོར་བྱ་བ་ལེགས་པོ་སྒྲུབ་པ། སྤྱི་ཚོགས་ཅན་གྱི་རྒན་གསོ་ལ་སྐུལ་འདེད་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི2.49བསྐྲུན་པ། དམངས་འཚོའི་མ་དངུལ་གཏོང་ཚད་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་འཐུས་ཚང་དུ་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།