ན་ནིང་བོད་ལྗོངས་ཀྱིས་ནགས་ཚལ་མུའུ་ཁྲི130.7གསར་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་བོད་ལྗོངས་ཀྱིས་མཛེས་སྡུག་བོད་ལྗོངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་ཆེན་པོ་བཏང་སྟེ། “གཙང་བོ་གཉིས་དང་ཆུ་བོ་བཞི”བཅས་ཀྱི་འབབ་རྒྱུད་དུ་སྡོང་འཛུགས་ནགས་སྐྲུན་བྱེད་པའི་བྱ་བར་ཤུགས་བསྣན་པས། སྡོང་འཛུགས་ནགས་སྐྲུན་བྱེད་ཚད་མུའུ་ཁྲི130.7ལ་སླེབས་པ་དང་། ལྗང་མདོག་གི་སྐྱེ་ཁམས་འགོག་ཡོལ་བརྟན་པོ་སྐྲུན་ཡོད་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། 2019ལོ་ནས་བཟུང་བོད་ལྗོངས་ཀྱིས་རྒྱལ་ཁབ་ས་ཞིང་སྔོ་ལྗང་ཅན་དུ་འགྱུར་བ་དང་གྲོང་ཁྱེར་དང་ཞིང་སྡེ་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་ནན་མོ་བཏང་བ་དང་། “ལྗོན་ཤིང་མེད་པའི་གྲོང་ཚོ་དང་། ལྗོན་ཤིང་མེད་པའི་ཁྱིམ་ཚང་། ལྗོན་ཤིང་མེད་པའི་སྡེ་ཚན”མེད་པར་བཟོ་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། དངོས་ཐོག་བདེན་འཚོལ་དང་། ཚན་རིག་ལ་བརྩི་འཇོག ཡུལ་བབ་དང་བསྟུན་པ། ལུགས་མཐུན་འཆར་འགོད་བཅས་བྱས་ནས། སྡོང་འཛུགས་ཀྱི་གྲངས་འབོར་ལ་མཐོང་ཆེན་བྱས་པ་མ་ཟད། ལྗོན་ཤིང་གསོན་ཚད་ལ་ལྷག་པར་དུ་མཐོང་ཆེན་བྱས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ“ལྗོན་ཤིང་མེད་པའི་གྲོང་ཚོ་དང་། ལྗོན་ཤིང་མེད་པའི་ཁྱིམ་ཚང་། ལྗོན་ཤིང་མེད་པའི་སྡེ་ཚན”མེད་པར་བཟོ་བའི་དམིགས་འབེན་ལས་འགན་ཡོངས་རྫོགས་ལེགས་འགྲུབ་བྱུང་བ་དང་།ནག་ཆུའི་ཚན་རིག་དང་མཐུན་པའི་སྡོང་འཛུགས་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་དང་། བྱེ་འགོག་བྱེ་བཅོས། “གཙང་བོ་གཉིས་དང་ཆུ་བོ་བཞི”བཅས་ཀྱི་འབབ་རྒྱུད་དུ་ནགས་སྐྲུན་ལྗང་སྒྱུར་བྱ་བ་མུ་མཐུད་དུ་སྤེལ། སྡོང་སོན་ནང་འདྲེན་དང་ས་གནས་དེའི་སྡོང་སོན་གསོ་སྐྱོང་ཟུང་འབྲེལ་བྱས་པ་རྒྱུན་འཁྱོངས་བྱས་ནས། སྡོང་ཕྲུག་གི་སོན་བཟང་འདེམས་གསོ་བྱས་པ་བརྒྱུད། གྲུབ་ཆ་མང་བ་དང་། རིམ་པ་མང་བ། རྣམ་པ་མང་བ་བཅས་ཀྱི་ནགས་སྐྲུན་ལྗང་སྒྱུར་རྣམ་པ་ཆགས་རྒྱུར་སྐུལ་འདེད་བཏང་། ལྗང་སྒྱུར་མཛེས་བཟོ་དང་རླུང་འགོག་བྱེ་འཇགས་ལ་དམིགས་ཏེ་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཇུག་གི་དོ་དམ་སྲུང་སྐྱོང་བྱ་བར་ཤུགས་སྣོན་རྒྱབ། རྒྱ་ཆེའི་མང་ཚོགས་ཀྱིས་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ཏེ་ཁང་བའི་རྒྱབ་མདུན་དུ་སྡོང་འཛུགས་ལྗང་སྒྱུར་བྱས་ནས“ལྗོན་ཤིང་མེད་པའི་དུད་ཚང”མེད་པར་བཟོ་བའི་བྱ་སྤྱོད་ཁྱབ་རྒྱ་ཆེ་རུ་བཏང་བ་བཅས་ཀྱི་སྒོ་ནས་བོད་ལྗོངས་ཀྱི་གནམ་སྔོ་ས་ལྗང་དང་ཆུ་དྭངས་མོ་ཡོང་བར་ཁག་ཐེག་བྱས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་སྡོང་འཛུགས་ནགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་ཟུང་འབྲེལ་ཟབ་མོ་བྱས་ཏེ། ཡུན་རིང་གི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། མང་ཚོགས་ནགས་སྐྲུན་ལྗང་སྒྱུར་ནང་ཞུགས་ནས་ཡོང་སྒོ་ཇེ་མང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་དབུལ་ཐར་མཁྲེགས་གཏོར“མཉམ་རྒྱལ”གྱི་རྣམ་པ་མངོན་འགྱུར་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།