སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ་རེད།

“དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ངེས་པར་དུ་སྒྲུབ་དགོས་པའི་དམག་འཐབ་དྲག་པོ་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་

ཕྱོགས་གསལ་སྟོན་གནང་ཡོད་ལ་རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད། གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ང་ལ་སྐུལ་ལྕག་ཟབ་མོ་དང་སེམས་འགུལ་ཚད་མེད་ཐེབས་བྱུང་། གོམ་སྟབས་རྗེས་མར་ང་ཚོས‘འདུ་ཤེས་བཞི’སྔར་བས་ཟབ་ཏུ་གཏོང་བ་དང་། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ་བཅས་བྱས་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཆབས་ཅིག་བྱ་

སྤྱོད་དངོས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་དུ་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་ཁྲི་3.84ཡི་མི་ཁྲི་19.46དབུལ་སྒྲོལ་ཐུབ་ཡོད་པ་དང་།གྲོང་ཚོ་དབུལ་པོ་1127དབུལ་སྒྲོལ་ཐུབ་པ། རྫོང(ཆུས)11གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་གི་གནས་ལས་སྒྲོལ་ཐུབ་པ་བྱུང་ཡོད་ཅེས་ཆབ་མདོ་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་ལྟ་སྐུལ་ཞིབ་དཔྱད་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲང་དབན་ཞང་གིས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་འཁྲིད་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་གང་ལེགས་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་རབ་འཕེལ་གྱི་སྒོ་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་སྔར་བས་སྐུལ་ལྕག་ཐེབས་ངེས་རེད། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ལས་ཞུགས་ཅུས་ཀྱིས་ངལ་ནུས་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་སུ་ལས་ཞུགས་གཞན་སྒྱུར་རྟེན་གཞི་600ཡན་བསྐྲུན་རྒྱུ་དང་། “ལས་གནས་དང་། གསོ་སྦྱོང་། ལས་ཞུགས”བཅས་ཀྱི་རྩལ་ནུས་གསོ་སྦྱོང་ལས་དོན་སྤེལ་ནས་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ལས་ཞུགས་དང་ལས་ཞུགས་བརྟན་པོ་འགན་ལེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པར་མི་སྤྱིའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ལས་ཞུགས་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་པ་ནོར་གྱིས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག“དབུལ་ཞྭ་འབུད་པ་ནི་མཇུག་གནས་མིན་པར། དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན”ཞེས་གསུངས་ཡོད། “རིམས་ནད་སྔོན་འགོག་ཚོད་འཛིན་རིང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་འཕྲལ་མར་ཚན་རྩལ་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས《རིམས་ནད་འགོག་རྒོལ་གྱི་ཚན་རྩལ་བྱ་སྤྱོད། སྔོ་ཚལ་ཐོན་ནུས་ཆེར་གཏོང་གི་ལག་རྩལ་མུ་འབྲེལ་ལག་དེབ》11བཅས་རྩོམ་སྒྲིག་བྱས་པ་དང་ཉིང་ཁྲི་དང་། ལྷ་ས། གཞིས་རྩེ་བཅས་ཀྱི་ཤང་དང་གྲོང་རྡལ་21གི་རྟེན་གཞི་40ལྷག་ཙམ་དང་འགྱིག་ཤོག་དྲོད་ཁང་7122ལ་ཕྱོགས་ཡོངས་ནས་ལག་རྩལ་མཛུབ་ཁྲིད་དང་ཞབས་འདེགས་ལས་དོན་སྤེལ་ཡོད། མིག་སྔར་སོན་བཟང་ནས་རྒྱ་མ་ཁྲི་109.3དབོར་འདྲེན་བྱས་ཡོད”ཅེས་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་འབྲོག་ལས་ལག་རྩལ་གསར་པ་ནང་འདྲེན་གསར་སྤེལ་ཁྲུའུ་ཡི་ཝང་ཝེན་ཕེང་གིས་བཤད།

“སྤྱི་ཁྱབ་ཧྲུའུ་ཅིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་དབུལ་སྒྲོལ་འགག་སྒྲོལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བས། གྲོང་སྡོད་ལས་བྱེད་པ་ཞིག་ཡིན་པའི་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད། ང་ཚོའི་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་བསྒྲུབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང་། ཏོག་གསར་གློ་ཚད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་རྐྱེན་བཟོས་པའི་སྐབས་སུ་གྲོང་སྡོད་ལས་དོན་རུ་ཁག་གིས་འགན་འཁྲི་འཁུར་བར་སྔར་བས་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཆབས་ཅིག་དེ་བས་དམིགས་ས་ལྡན་པའི་རོགས་སྐྱོར་བྱེད་ཐབས་སྤྱད་དེ་ཟླ་བརྒྱད་པའི་གོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་དོན་གྱི་གནད་དོན་ཚང་མ་ཐག་གཅོད་ཐུབ་རྒྱུ་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་ལྷ་དབང་རྩེ་གྲོང་ཚོར་བཅའ་སྡོད་སྡེ་ཚོགས་ལྗོངས་ཨུ་ལྷན་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཕུར་སྒྲོན་གྱིས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་ཆེད། མདུན་སྐྱོད་ཀྱི་དུང་བརྡ་བཏང་ཡོད་ལ་འབད་བརྩོན་གྱི་ཁ་ཕྱོགས་ཀྱང་གསལ་སྟོན་གནང་ཡོད། ཧྭ་གློག་བོད་ལྗོངས་ཀུང་སིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཏང་གིས་དབུལ་སྐྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལས་དོན་གྱིས་སྤུས་ཚད་མཐོ་བའི་དབུལ་སྐྱོར་ལས་དོན་སྤེལ་བར་ཁྲིད་སྟོན་བྱ་རྒྱུ་ཡིན། ཀུང་སིར་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་66ཟིན་པའི་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་འདི་ནི་བོད་ཀྱི་ནང་མཁོ་སྐོང་བའི་གློག་ཁུངས་རྣམ་གྲངས་ཆེ་ཤོས་ཡིན་པ་དེས་དབུལ་སྐྱོར་འགག་སྒྲོལ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་49བཏང་བ་དང་། དཔྱ་ཁྲལ་སྒོར་ཁྲི་9600འཇལ་བ། སྒོར་དུང་ཕྱུར་3.13གྱི་ས་གནས་ཀྱི་འཛུགས་སྐྲུན་རྒྱུ་ཆ་ཉོས་པ། ལོ་འཁོར་མོར་ས་གནས་ལ་ལས་གནས་250མཁོ་འདོན་བྱས་པ། ས་གནས་ཀྱི་རླངས་འཁོར་51ལས་གྲྭ་སྐྱེལ་འདྲེན་ནང་ཞུགས་པར་རྒྱབ་སྐྱོར་བཅས་བྱས་པས། གྲོང་ཚོ་4ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་863དབུལ་སྒྲོལ་ཐུབ་ཡོད”ཅེས་ཧྭ་གློག་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་ཧོང་ཧུའེ་ཡིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།