ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་བུད་མེད་ཀྱི་འཐུས་མི་ཚོར་གཟིགས་པ།

f02d920c-3bbe-445c-9337-42c40043a594.jpg.1.jpg

འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་འཐབ་ས་དང་པོའི་བུད་མེད་སྨན་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཀྱང་ཞུ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས་8ཉིན་ནི“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐེངས་110རེད། ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བསྣམས་ཏེ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་བུད་མེད་རུ་ཆེན་གྱི་ལས་སྒྲུབ་ས་ཚིགས་སུ་ཕེབས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་བུད་མེད་སྨན་དོན་མི་སྣ་དང་སྤྱི་བདེ་ལས་ཁུངས་ཀྱི་བུད་མེད་ཉེན་རྟོག་པ་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླ་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོའང་ཞུས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་། པད་མ་དབང་འདུས། ལིའུ་ཅང་བཅས་གཟིགས་པར་ལྷན་དུ་ཕེབས་པ་རེད།

རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནི་རང་ལྗོངས་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་དམིགས་འཛུགས་སྨན་ཁང་ཞིག་ཡིན་ཞིང་། དེ་གའི་སྨན་དོན་མི་སྣ་བཅུ་ཆ་བདུན་ཡན་བུད་མེད་ཡིན་པ་དང་། ད་རེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ཁོང་ཚོས་དཀའ་ངལ་ཡོད་ཚད་ཁྱད་བསད་བྱས་ཏེ་འཐབ་ས་དང་པོ་བརྟན་སྲུང་བྱས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་

འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་དང་ཐོག་དེ་གར་ཕེབས་ནས་རྒྱ་ཆེའི་བུད་མེད་སྨན་དོན་མི་སྣ་ཚོར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར“བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་མཉམ་སྡེབ”ཀྱི་གཟེངས་རྟགས་གནང་བ་དང་སྨན་ཁང་དེའི་གློ་ནད་ཚན་ཁག་

གཉིས་པའི་ཀྲུའུ་རེན་ཏོག་གསར་གློ་ཚད་སྐྱོབ་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཧྭ་ཏི་སྨིར“བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག”གི་གཟེངས་རྟགས་ཀྱང་གནང་བ་རེད། ཝུའུ་དབྱིང་ཅེས། རིམས་ནད་ཐོན་ཚུན་དུ་རང་ལྗོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣ་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླ་ཚོས་འཐབ་ས་མདུན་མར་གདོང་མཆོང་བྱས་ཏེ། དཀའ་ཚེགས་ཆེ་བའི་ལས་དོན་

འབོར་ཆེན་བསྒྲུབས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།ལྷག་པར་དུ་བུད་མེད་སྨན་དོན་མི་སྣ་ཚོས་རིམས་ནད་དང་འཐབ་པའི་འཐབ་ས་མདུན་ཤོས་སུ་བསྐྱོད་དེ་རིམས་ནད་ལ་འགོག་རྒོལ་གྱི“གནམ་ཕྱེད་ཀ”བཏེགས་པ་དེ་ཐོག་ནས་དཀའ་ཚེགས་ལ་མི་སྐྲག་པ་དང་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཕོད་པའི་སྙིང་སྟོབས་དང་། ནད་བཅོས་སྲོག་སྐྱོབ་དང་འགྲོ་ཕན་སྨན་པའི་བླ་ན་མེད་པའི་སྙིང་སྟོབས། ཀྲུང་ཧྭ་མི་རིགས་ཀྱི་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་ཀྱི་བརྩེ་བ་ཆེན་པོ་བཅས་མཚོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཝུའུ་དབྱིང་ཅེས། མིག་སྔར་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་མུ་མཐུད་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་བོད་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་ལ་སྣང་ཆུང་སྤུ་ཙམ་ཡང་བྱེད་མི་རུང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས། འཐབ་ས་དང་པོའི་སྨན་བཅོས་འཕྲོད་བསྟེན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། འཐབ་ས་དང་པོའི་སྨན་བཅོས་འཕྲོད་བསྟེན་མི་སྣར་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་དང་། འཐབ་ས་དང་པོའི་སྨན་བཅོས་འཕྲོད་བསྟེན་མི་སྣ་དུས་ཐོག་ཏུ་ངལ་གསོ་རྒྱག་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་བུད་མེད་རུ་ཆེན་བཙུགས་ནས་ལོ་8སོང་ཚུན། འགྲོ་ལམ་འགྲིམ་འགྲུལ་ལ་དོ་དམ་གྱི་བླ་ན་མེད་པའི་འགན་འཁྲི་ནན་པོ་སྒྲུབ་སྟེ། ཁོང་ཚོའི་ཚད་དང་ལྡན་པའི་ལས་སྒྲུབ་ཀྱི་གཟུགས་བརྙན་བཟང་པོ་དང་ལས་གཅེས་ལས་བརྩོན་གྱི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་ཕོ་བྲང་པོ་ཏ་ལའི་ཤར་ངོས་ཀྱི་བདེ་འཇགས་ཞིབ་བཤེར་གྱི་ལས་སྒྲུབ་ས་ཚིགས་སུ་ཕེབས་ཏེ་ཚང་མར་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། ཝུའུ་དབྱིང་ཅེས། ལོ་མང་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་བུད་མེད་རུ་ཆེན་གྱིས་དབྱར་གྱི་ཚ་བ་དང་དགུན་གྱི་གྲང་ངར་ལ་མ་འཛེམ་པར་འགྲིམ་འགྲུལ་བཀོད་འདོམས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་རང་ལྗོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་ཡོད། སླད་ཕྱིན་ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ། སྙིང་སྟོབས་ཆེར་སྐྱེད་དང་ལས་ཀའི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་ཡ་རབས་ངང་ལས་སྒྲུབ་བྱེད་པ་བཅས་ཀྱི་ཐོག་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཏོད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་ཝུའུ་དབྱིང་ཅེས། ཉེ་བའི་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་སེམས་པ་ཏང་ལ་ཕྱོགས་པ་དང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་མཁན་ཞིག་ཧུར་ཐག་བྱེད་དགོས། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་སྙེགས་པ་དང་། རང་འཁྲིའི་ལས་གནས་ལ་གཞི་འཛུགས་པ། རང་རང་སོ་སོའི་ཁྱད་ཡོན་དང་ཟུང་འབྲེལ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་ཤུགས་དང་འཇོན་ཐང་གང་ཡོད་འདོན་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།