བོད་ལྗོངས་ཀྱི་ཞིང་ཕྱུགས་ཚན་རྩལ་མི་སྣས་ཞིང་གསུམ་འཐབ་ས་དང་པོར་ཞབས་ཞུ་ཧུར་ཐག་སྒྲུབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ལྗོངས་ཡོངས་ཀྱི་ཞིང་ཕྱུགས་ཚན་རྩལ་མི་སྣ་སྟོང་ཁ་ལོན་པ་འཐབ་ས་དང་པོར་སྐྱོད་དེ་ཞབས་ཞུའི་ལས་དོན་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུ་སྤྱི་ཚེས7ཉིན་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཞིང་གསུམ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།  ཞིང་ཕྱུགས་ཚན་རྩལ་མི་སྣ་འཐབ་ཕྱོགས་དང་པོར་སྐྱོད་དེ་ཞིང་ཕྱུགས་ལས་ཐོན་སྐྱེད་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས།  རོང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་བཅས་ཀྱི་འཐབ་ས་གཙོ་བོར་ཞུགས་ནས་ཞིང་འབྲོག་ཚན་རྩལ་གྱི་སྤྱི་ཚོགས་ཞབས་ཞུ་སྤེལ་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཞིང་གསུམ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་རྩིས་ཏེ།  སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་།  ཙུང་ལི་ལི་ཁེ་ཇང་གི་མཆན་བཀོད་མཛུབ་སྟོན།  རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ།  ལྗོངས་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ཏང་གི་ཞིང་དར་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ།  ཚན་རྩལ་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཞིང་ཕྱུགས་ལས་དེང་རབས་ཅན་འཛུགས་སྐྲུན།  ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལག་ལེན་གྱི་འཐབ་ས་གཙོ་བོར་ཞབས་འདེགས་ཞུ་བ་བཅས་ལ་དམ་པོར་དམིགས་ཏེ།  རྩ་འཛུགས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྐྱོད་པ།  གཙོ་གནད་དུ་རིམ་པ་མང་བ་དང་ཕྱོགས་ཡོངས་ཀྱི་ཞབས་འདེགས་ཞུ་བ།  སོན་གསར་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བ།  ལམ་སྲོལ་གསར་པ་འཛུགས་པ།  ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ།  བོད་ལྗོངས་ཀྱི་ཞིང་ཕྱུགས་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་བྱས་ཡོད།། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།