བོད་རང་སྐྱོང་ལྗོངས་ཀྱིས་གསུམ་བརྒྱད་དར་དམར་བ་སོགས་གཟི་བརྗིད་མཚན་སྙན་ཐོབ་མཁན་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མི་སྤྱི་ཐིང་ནས་ཐུན་མོང་ཐོག་ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད།  2019ལོའི་བོད་རང་སྐྱོང་ལྗོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་།  གསུམ་བརྒྱད་དར་དམར་བ།  གསུམ་བརྒྱད་དར་དམར་མཉམ་སྡེབ་བཅས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  བློ་མཐུན་བཅུར་རང་སྐྱོང་ལྗོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་བློ་མཐུན38ལ་རང་སྐྱོང་ལྗོངས་གསུམ་བརྒྱད་དར་དམར་བ།  ལས་ཁུངས12ལ་རང་སྐྱོང་ལྗོངས་གསུམ་བརྒྱད་དར་དམར་བའི་མཉམ་སྡེབ་བཅས་ཀྱི་གཟི་བརྗིད་མཚན་སྙན་གནང་བ་དང་།  དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་གཟེངས་བསྟོད་ཚོགས་ཆེན་ཚོགས་མི་ཐུབ་པར་བརྟེན།  ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དེ་དག་གཟེངས་བསྟོད་ཐོབ་མཁན་ལས་ཁུངས་དང་།  གཟེངས་བསྟོད་ཐོབ་མཁན་མི་སྒེར་གྱི་ལས་ཁུངས་ལ་བསྐྱལ་ཡོད་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།