ཉིང་ཁྲི་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀར་འཐུས་ཤོར་མི་འགྲོ་བའི”བླང་བྱ་ལྟར། ཉིང་ཁྲི་གྲོང་ཁྱེར་གྱིས“སྔོན་ལ་སྒྲུབ་པ་གསུམ”གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུ་འགན་སྲུང་བྱ་བ་ཡག་པོ་བསྒྲུབས། གཙོ་གནད་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བར་རྩ་འཛུགས་བྱས་ནས་ལས་འགོ་བསྐྱར་ཚུགས་དང་རིམས་ནད་འགག་སྒྲོལ་བྱ་བར་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་མཁོ་འདོན་བྱས་པ་རེད། 

འགན་སྲུང་ཞབས་ཞུ་བྱ་བ་སྔོན་ལ་ལེགས་པོར་སྒྲུབ་པ། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་ཚུགས་ཀྱི་བསྡོམས་རྩིས་རེའུ་མིག་དང་། གཙོ་གནད་རྣམ་གྲངས་ཀྱི་བོད་ལྗོངས་སུ་ཞོར་ལས་ཡོང་མཁན་གྱི་བསྡོམས་རྩིས་རེའུ་མིག་བཟོས་ཏེ། ལས་འགོ་བསྐྱར་ཚུགས་ཀྱི་རྣམ་གྲངས་དང་འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཚན་གྱི་མི་སྣའི་གནས་ཚུལ་ཕྱོགས་ཡོངས་ནས་གཏིང་ལོན་དང་ལེགས་སྒྲིག་བྱས་པ་དང་། “ས་ཚིགས་དང་ས་ཚིགས་ཁ་གཏད་པ་དང་། ཡོངས་འདུས་རྣམ་པའི”ཞབས་ཞུ་འཚོལ་ཞིབ་ཧུར་ཐག་བྱས་ནས། ལས་མི་དཀོན་པ་དང་། རྒྱུ་ཆ་མཁོ་འདོན། དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ལ། མིག་སྔར་གཙོ་གནད་རྣམ་གྲངས་ཀྱི་ལས་གཞི་ལག་བསྟར་མི་སྣ2443ཡོད་པ་རེད། 

གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་བར་སྔོན་ལ་སྐུལ་འདེད་བཏང་བ། སྐོར་ཁག་དང་ས་ཁོངས་དབྱེ་ནས་རྣམ་གྲངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་བ། དངུལ་གཏོང་སྣེ་ཁྲིད་ཆེ་བའི་བཟོ་སྐྲུན་ཆེན་པོའི་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་སྔོན་ལ་འགན་སྲུང་བྱས་ཤིང་། 2020ལོར་མུ་མཐུད་དུ་འཛུགས་སྐྲུན་བྱེད་བཞིན་པའི་གཙོ་གནད་རྣམ་གྲངས171ཡོད་པ་དང་། འཆར་གཞི་ལྟར་ན་དངུལ་གཏོང་སྒོར་དུང་ཕྱུར58.12ལེགས་འགྲུབ་བྱ་རྒྱུ་དང་། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས9ཡོད་དེ་དངུལ་གཏོང་སྒོར་དུང་ཕྱུར1.467ལེགས་འགྲུབ་བྱ་རྩིས་ཡོད།

རིམས་འགོག་ལྟ་སྐུལ་དོ་དམ་བྱ་བ་སྔོན་ལ་དམ་འཛིན་བྱེད་པ།  གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་ཚུགས་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕྱོགས་སྟོན་བཟོས་ནས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་གཉིས་ཀྱིས་སྣེ་ཁྲིད་དེ་རྫོང(ཆུས)7གྱི་ཨར་ལས་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཞིབ་བཤེར་རྣམ་གྲངས་ལས་འགོ་བསྐྱར་ཚུགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དངོས་འབེབས་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། རྣམ་གྲངས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་འགོ་བསྐྱར་ཚུགས་ཀྱི“བདེ་འཇགས་འགོག་ཡོལ”བརྟན་པོ་བཙུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།