བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནད་ཡམས་འགོག་ཟོན་གྱི་འཐབ་ས་དང་པོའི་བུད་མེད་ཚོར་འཚམ་འདྲི་གནང་།

W020200306648929590944.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར།  རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཟླ3པའི་ཚེས5ཉིན།  ནད་ཡམས་འགོག་ཟོན་བྱེད་རིང་ལེགས་སྐྱེས་ཕུལ་མཁན་གྱི་ཕུལ་བྱུང་བུད་མེད་ཁག་ཅིག་ལ་དུས་ཆེན་གྱི་འཚམ་འདྲི་ཞུས་པ་རེད།

W020200306648929909596.jpg

ནད་ཡམས་འགོག་ཟོན་ཏན་ཏིག་བྱ་ཆེད་རང་ལྗོངས་ཀྱི་རྒྱ་ཆེའི་བུད་མེད་ལས་བྱེད་པ་མང་ཚོགས་དང་།  ལག་བསྟར་ཨུ་ལྷན།  བུད་མེད་དང་བླངས་པ་བཅས་ཀྱིས་ནད་ཡམས་འགོག་ཟོན་འཐབ་ས་དང་པོར་བསྐྱོད་དེ།  དྲིལ་བསྒྲགས་པ་དང་ཁ་ཏ་བྱེད་མཁན།  ལྟ་སྐུལ་པ།  འཐབ་རྩོད་པ་བཅས་བྱས་ནས།  ནད་ཡམས་འགོག་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ།  དུས་རབས་གསར་པའི་བུད་མེད་ཚོའི་ནུས་ཤུགས་དང་རང་འགུལ་ངང་འགན་འཁུར་བའི་སྙིང་སྟོབས་དང་ཉམས་སྣང་མངོན་པར་བྱས་ཡོད།

W020200306648930230072.jpg

ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲུའུ་གཡན་སླིད་ཀྱིས།  ད་ལོའི་གསུམ་བརྒྱད་དུས་ཆེན་རིང་ང་ཚོས་ཕུལ་བྱུང་གི་མི་སྒེར་དང་བུད་མེད་ཚོགས་པའི་གཟི་བརྗིད་ལྡན་པའི་བྱས་རྗེས་རང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པ་གཙོ་བོ་དང་།  བོད་ལྗོངས་བུད་མེད་དང་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་བཅས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱ་རྒྱུ་མ་ཟད།  སྤྱི་ཟླ3པའི་ཚེས8ཉིན་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་འགོ་ཁྲིད་ནས་གཟི་བརྗིད་མཚན་སྙན་དེ་སྔོན་ཐོན་མི་སྒེར་དང་ཚོགས་པའི་ལག་ཏུ་སྤྲོད་རྒྱུ་ཡིན་ཅེས་གསུངས།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།