རིམས་ནད་ཐོན་རིང་རིན་མི་དགོས་པར་ཐོན་རྫས་དང་ཞབས་ཞུ་ཁག107ལོངས་སུ་སྤྱོད་ཆོག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་ནས་ཤེས་རྟོགས་བྱུང་བར། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་གིས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་ཁེ་ལས་ལ། བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་དང་། ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི་སོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་དམིགས་པའི་རིན་མི་དགོས་པའི་ཆ་འཕྲིན་ལག་རྩལ་ཐོན་རྫས(ཞབས་ཞུ)ཁག་གཅིག་གི་དཀར་ཆག་གསལ་ཐོ་ཡོངས་བསྒྲགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་ཐོན་རིང་རིན་མེད་སྤྱོད་ཆོག་པའི་ཐོན་རྫས་དང་ཞབས་ཞུའི་དཀར་ཆག་གསལ་ཐོའི་གྲས་སུ། ཨ་ལི་པཱ་པཱ་དང་། ཐེང་ཤུན། ཧྭ་ཝེ། བོད་ལྗོངས་ཀའོ་ཁྲེ་སོགས་ལྗོངས་ཕྱི་ནང་གི་ཆ་འཕྲིན་ལག་རྩལ་ཁེ་ལས་17གྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལག་རྩལ་ཐོན་རྫས་དང་ཞབས་ཞུ་ཁག་107ཚུད་ཡོད། དེའི་ནང་རིམས་ནད་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་རིགས་ཀྱི་ཆ་འཕྲིན་25དང་། ཁེ་ལས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་རིགས་31 དྲ་ཐོག་ལས་གྲུབ་རིགས་8 བརྙན་ལམ་ཚོགས་འདུའི་རིགས་8 སྨན་བཅོས་བདེ་ཐང་རིགས་18 གྲངས་གཞིའི་སློབ་གསོའི་རིགས་8 མི་བཟོས་རིག་ནུས་བཀོལ་སྤྱོད་རིགས་9བཅས་ཚུད་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།