བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་ཁག་གཅིག་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་རིན་མེད་ངང་སྒོ་འབྱེད་རྒྱུ་རེད།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་ཁག་གཅིག་གིས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་དམིགས་པའི་རིན་མེད་སྲིད་ཇུས་བཏོན་ཡོད་ཅིང་། བྱེད་སྒོ་སྤེལ་བའི་དུས་ཚོད་ནི་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེ་ནས2020ལོའི་ཟླ12པའི་ཚེས31ཉིན་བར་ཡིན་པ་རེད།

བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་རྣམ་གྲངས་རྣམས་རྒྱལ་ཡོངས(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་ཚུད་པ)ཀྱི་སྨན་དོན་ལས་དོན་པ་ཡོངས་ལ་སྒོ་འཛིན་མི་དགོས་པར་སྒོ་འབྱེད་རྒྱུའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

2.jpg

གཟིགས་སྐྱོང་གི་ནང་དོན་གྲས་སུ་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་དང་། ཡར་ཉང་འདམ་རའི་མཛེས་ལྗོངས་ཁུལ། མངའ་རིས་གནས་རི་ལྷ་མཚོའི་མཛེས་ལྗོངས་ཁུལ(མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་ཚུད་མེད)བཅས་སུ་རིན་མེད་ལྟ་སྐོར་བྱེད་ཆོག་པ་དང་། འབྲེལ་ཡོད་ཀྱི་ལས་ཀའི་ལག་ཁྱེར(སྨན་པ་དཀའ་བཅུ་པའི་ལས་གཉེར་ལག་ཁྱེར་རམ་ཡང་ན་ནད་ཞབས་པའི་ལས་གཉེར་ལག་ཁྱེར)འཁྱེར་ཏེ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ལྟེ་གནས་ནས་སྒོ་འཛིན་མི་དགོས་པའི་འགྲོ་ལུགས་གཉེར་རྗེས་གཟིགས་སྐྱོང་སྲིད་ཇུས་འཕྲལ་མར་ལོངས་སྤྱོད་བྱེད་ཆོག

ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་རྣམ་གྲངས་རྣམས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་རིན་མེད་ངང་སྒོ་འབྱེད་རྒྱུའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པ་དང་བྱེད་སྒོ་སྤེལ་ཡུལ་ནི་རྒྱལ་ཡོངས(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་པ)ཀྱི་ལག་ཁྱེར་ཡོད་པའི་སྨན་དོན་མི་སྣ་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་རྣམས་ཡིན་པ་རེད།

3.jpg

གཟིགས་སྐྱོང་ནང་དོན་གྲས་སུ་གནམ་མཚོ་དང་གཟི་བྱིན་ལྷ་མཚོ་སོགས་མཛེས་ལྗོངས་ཁུལ(མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་དང་བཟའ་བཏུང་ཚུད་མེད)ལ་རིན་མེད་ཡུལ་སྐོར་བྱེད་ཆོག་པ་དང་། ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང《གྱིམ་ཤིང་ཀོང་ཇོ》(VIPསྤ་སེ་ཕུད)རིན་མེད་ངང་ལྟ་ཆོག་པ། གནས་ཚང་ཨར་ཁང་ཆེ་མོར(ཁང་པ་ཆེན་པོ་ཕུད)དེ་ཉིན་རིན་མེད་ཞག་སྡོད་བྱེད་ཆོག་པ་དང་མུ་མཐུད་བསྡད་ཚེ་ཁང་པ་ཆེ་བར་བརྗེ་ཆོག་པ་དང་བཟའ་བཏུང་གི་གཟིགས་སྐྱོང་སྤ་སེ་སྤྲོད་པ། གངས་རྒོད་མཁའ་འགྲུལ་གྱི“གནས་མཆོག་མཁའ་དབྱིངས་ཀྱི་ཡུལ་སྐོར”ལ་ཞུགས་ཆོག་པ་སོགས་ཀྱི་རྣམ་གྲངས(མཛེས་ལྗོངས་ཁུལ་ནང་གི་འགྲིམ་འགྲུལ་ཚུད་མེད)ཚུད་ཡོད་པ་རེད།

4.jpg

ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་དྲན་སྐུལ་བྱས་དོན། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་སྐབས“རིག་ནུས་བོད་ལྗོངས་ཡུལ་སྐོར”གྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱེད་པ་དང་སྦྲགས། སྨན་པ་རབ་འབྱམས་པའི་ལས་གཉེར་ལག་ཁྱེར་དང་སྨན་གཡོག་གི་ལས་གཉེར་ལག་ཁྱེར། མི་དམངས་ཉེན་རྟོག་པའི་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་མཁོ་འདོན་བྱས་ཏེ་ཉིན་གསུམ་གྱི་སྔ་སྣུར་དུ་སྔོན་མངགས་བྱེད་ཆོག སྔོན་མངགས་ཟིན་རྗེས་དམིགས་གཏན་འཁེལ་བའི་ཞབས་ཞུའི་ལྟེ་གནས་སུ་འཕྲིན་ཐུང་བཤེར་རྟགས་དང་དེ་བཞིན་འབྲེལ་ཡོད་ལག་ཁྱེར་ངོ་མ་འཁྱེར་ནས་འགྲོ་ལུགས་གཉེར་ན་འགྲིག་གི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།