ལྷ་ས་གྲོང་ཁྱེར་གྱིས་གད་སྙིགས་རིགས་འབྱེད་པའི་ལས་དོན་སྤེལ་བ།

1583372452500646.jpg

ལས་དོན་མི་སྣས་མང་ཚོགས་ལ་གད་སྙིགས་རིགས་འབྱེད་པའི་སྐོར་གྱི་འབྲེལ་ཡོད་རྒྱུན་ཤེས་བཤད་བཞིན་པ། 

1583372476120916.jpg

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་རྩ་འཛུགས་བྱས་ནས་སྤེལ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་བྱ་འགུལ་ཡུལ་དངོས་སུ་སློབ་མ་རྣམས་སྤྲོ་སྣང་ལྡན་པའི་རོལ་རྩེད་ནང་ཞུགས་པ། 

1583372480233686.jpg

   ཁྲེང་ཀོན་ཆུས་ཀརྨ་ཀུན་བཟང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་སྡེ་ཁུལ་གྱི་གྲོང་མིས་གད་སྙིགས་རིགས་འབྱེད་སྐར་གསོག་ལ་བརྟེན་ནས་སྒོ་རྩིས་ཚོང་ཁང་དུ་འཚོ་བའི་མཁོ་ཆས་བརྗེ་བཞིན་པ། 

1583372490586860.jpg

    ཁོར་ཡུག་གཙང་སྦྲ་མི་སྣས་ཟམ་པའི་གད་སྙིགས་གཙང་ཕྱགས་བྱེད་བཞིན་པ། 

1583372499433804.jpg

    གྲོང་མིས་རང་འགུལ་གྱིས་གད་སྙིགས་རིགས་འབྱེད་དེ་སྒམ་ནང་དུ་འཕེན་བཞིན་པ། 

1583372505140542.jpg

བྱེད་ནུས་མི་འདྲ་བའི་གད་སྙིགས་གཙང་སེལ་རླངས་འཁོར། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་སོང་ནས། གྲོང་ཁྱེར་གྱི་གཞི་ཁྱོན་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད། དེར་བརྟེན་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཀྱང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། གད་སྙིགས་གྲོང་ཁྱེར་བསྐོར་བའི་སྣང་ཚུལ་ཡང་ཉིན་རེ་བཞིན་ཚབས་ཆེན་དུ་འགྲོ་བཞིན་ཡོད། འཚོ་བའི་གད་སྙིགས་རིགས་འབྱེད་རྒྱུ་དེ་བྱ་བ་ཆུང་ཆུང་ཞིག་ཏུ་སྣང་ཡང་དམངས་འཚོའི་ཇུས་ཆེན་དང་འབྲེལ་བ་ཡོད་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལ་ཐད་ཀར་དུ་ཤུགས་རྐྱེན་ཐེབས་བཞིན་ཡོད། 

འཚོ་བའི་གད་སྙིགས་རིགས་འབྱེད་རྒྱུ་ནི་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཚོན་པའི་དོན་ཆེན་ཞིག་དང་། འཚོ་བའི་གད་སྙིགས་ཇེ་ཉུང་དུ་གཏོང་བ་དང་། ཐོན་ཁུངས་ཅན། གནོད་མེད་ཅན་དུ་གཙང་བཅོས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། དེ་ནི་མི་ཚང་མས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་ནང་དོན་གལ་ཆེན་ཞིག་བཅས་ཡིན་པས་བོད་ལྗོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་སྲིད། 

 2019ལོའི་ཟླ7པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གཞུང་གིས་གད་སྙིགས་རིགས་འབྱེད་པའི་ལས་དོན་གྱི་འབྲེལ་ཡོད་བླང་བྱ་ལྟར། ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་ཅུའུ་ཡི་སྒོ་རའི་ནང་གད་སྙིགས་རིགས་འབྱེད་པའི་སློབ་སྦྱོང་འགྲེམ་སྟོན་ཁང་བཙུགས་པ་མ་ཟད། ཕྱི་ཕྱོགས་སུ་རིན་མེད་ངང་སྒོ་ཕྱེ་ཡོད། གྲོང་མིས་ལྟ་སྐོར་འགྲེམ་སྟོན་ཚོམས་ཆེན་བརྒྱུད་འཚོ་བའི་གད་སྙིགས་རིགས་འབྱེད་པའི་གལ་ཆེན་རང་བཞིན་དང་། དགོས་ངེས་རང་བཞིན། བསྡུ་འདྲེན་མ་ལག་བཅས་རྒྱུས་ལོན་བྱས་ནས་གྲོང་མིའི་གད་སྙིགས་རིགས་འབྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་།

འཚོ་བའི་གད་སྙིགས་རིགས་འབྱེད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འཚོ་བའི་གད་སྙིགས་ཇེ་ཉུང་དུ་གཏོང་བ། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། འཚོ་བའི་ཁོར་ཡུག་ལེགས་བཅོས་སུ་གཏོང་ཆེད། ད་ལོར་ཁྲེང་ཀོན་ཆུས་ཀྱིས་དྲིལ་བསྒྲགས་དང་སྒྲིག་ཆས་བཀོད་གཏོང་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས་མཐོ་སྒང་ས་ཁུལ་གྱི་གད་སྙིགས་རིགས་འབྱེད་དོ་དམ་གྱི་འགོ་འཛུགས་ས་གསར་བ་སྐྲུན་རྒྱུ་དང་། འཚོ་བའི་གད་སྙིགས་རིགས་འབྱེད་དོ་དམ་བྱ་ཐབས་བཟོ་རྒྱུ། འཚོ་བའི་གད་སྙིགས་རིགས་འབྱེད་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུ། འཚོ་བའི་གད་སྙིགས་རིགས་དབྱེའི་དོ་དམ་གྱི་མི་སྣ་བཀོད་སྒྲིག་འགན་སྲུང་བཅས་བྱས་ནས་འཚོ་བའི་གད་སྙིགས་རིགས་འབྱེད་དོ་དམ་གྱི་དམིགས་འབེན་དངོས་འབེབས་བྱ་རྒྱུ་ཡིན་པ་རེད། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།