བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་འཚོ་བའི་དངོས་ཟོག་ཁག་དང་པོ་ཝུའུ་ཧན་དུ་སྐྱེལ་འདྲེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ལ་རང་བྱུང་འཐུང་ཆུའི་གཏེར་ཆུ་ཏུན2000དང་། ཕག་ཤ་ཏུན30། སྔོ་ཚལ་གསར་བ་ཏུན40བཅས་ཞལ་འདེབས་ཕུལ་བའི་དངོས་ཟོག་དེ་དག་རྩེད་ཐང་ནས་སྐྱེལ་འདྲེན་བྱེད་འགོ་བརྩམས་ཏེ་ཧུའུ་པེ་ལ་རོགས་སྐྱོར་བྱས་པ་རེད། 

LOCAL202003041024000332469785824.jpg

ཧུའུ་པེ་མི་དམངས་དང་ལྷོ་ཁ་མི་དམངས་བར་ལ་སྤུན་ཟླའི་བརྩེ་དུང་ཟབ་མོ་ཡོད། ངོ་སྤྲོད་བྱས་པ་ལྟར་ན། ཧུའུ་པེ་ཞིང་ཆེན་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་གྱི་གྲས་ཤིག་ཡིན། ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ26འགོར་བའི་རིང་། ཧུའུ་པེ་ཞིང་ཆེན་གྱིས་ལས་བྱེད་པའི་ཤེས་ལྡན་མི་སྣ་དང་། རྣམ་གྲངས་མ་དངུལ། ཐོན་ལས་ལག་རྩལ་སོགས་ཀྱི་ཐད་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཐོག་ནས་བརྩེ་སེམས་ཟབ་མོས་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་དང་ཡུན་རིང་བདེ་བཀོད་ལ་སྐུལ་འདེད་ནུས་ལྡན་བཏང་། 

LOCAL202003041024000567506792947.jpg

ཧུའུ་པེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་ནས་རིན་ཐང་སྒོར་ཁྲི779.08ལྷག་གི་རང་བྱུང་འཐུང་ཆུ་དང་། ཕག་ཤ་གསར་བ། སྔོ་ཚལ་གསར་བ་སོགས་འཚོ་བའི་དངོས་ཟོག་ཁག་དང་པོ་ཝུའུ་ཧན་དུ་གྲབས་གསོག་བྱས་ཏེ་ཁྱད་ལྡན་ཐོན་རྫས་ཡག་ཤོས་དང་དགོས་གཏུགས་ཆེན་པོའི་སེམས་ཁམས་ཀྱིས་ཧུའུ་པེ་མི་དམངས་ལ་བཀའ་དྲིན་མཚོན་པར་བྱས་པ་རེད། 

LOCAL202003041025000109857525560.jpg

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཧུའུ་པེར་རོགས་སྐྱོར་བྱས་པའི་འཐུང་ཆུ་ནི་བོད་ལྗོངས་ལྷོ་ཁ་ཡར་ལྷ་ཤམ་པོ་ཁེ་ལས་ཚད་ཡོད་ཀུང་སི་དང་གྲོང་ཁྱེར་ཡར་ལུང་མ་འཇོག་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ལྷོ་ཁའི་ཁྱད་ལྡན་ཐོན་རྫས་ཏེ། བོད་ཀྱི་ཆུ་བཟང་རང་བྱུང་འཐུང་ཆུའི་གཏེར་ཆུ་ཡིན་པ་རེད། ཕག་ཤ་གསར་བ་ནི་སྣེ་གདོང་ཆུས་པ་ཧྲན་ཞིང་ཕྱུགས་ཁེ་ལས་ཚད་ཡོད་ཀུང་སིའི་ཕག་ཤ་གསོ་ཚགས་རྟེན་གཞི་ནས་ཐོན་པ་ཡིན་ལ། རྟེན་གཞི་དེ་ནི་ཝུའུ་ཧན་གྲོང་ཁྱེར་ཐོན་ལས་དབུལ་སྐྱོར་གྱི་ཁ་གཏད་རོགས་སྐྱོར་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན། སྔོ་ཚལ་གསར་བ་ནི་གྲོང་ཁྱེར་གྱི“ཚོད་སླེའི”བཟོ་སྐྲུན་གྱི་སྔོ་ཚལ་རྟེན་གཞི་ནས་ཐོན་པ་ཡིན་པ་དང་། རྟེན་གཞིས་ས་ཞིང་མུའུ2000ལྷག་ཟིན་པ་དང་ཉི་འོད་དྲོད་ཁང700ལྷག་ཡོད་པ་རེད། 

LOCAL202003041025000211069346972.jpg

“ཧུའུ་པེའི་རིམས་ནད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཡར་ཀླུང་མང་ཚོགས་ཁྲི37གྱི་སེམས་ལ་ཤུགས་རྐྱེན་ཐེབས་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་མ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པ་དང་། ཧུའུ་པེར་དྲིན་གཟོ་བ་དང་ཝུའུ་ཧན་ལ་རོགས་སྐྱོར་བྱེད། རིམས་ནད་ཀྱི་སྤྲིན་ནག་གཏོར་ཏེ་འོད་སྟོང་རབ་ཏུ་འཕྲོ་བའི་ཉིན་མོར། ང་ཚོས་མཉམ་དུ་དཔྱིད་དཔལ་ཀྱི་མེ་ཏོག་བཞད་པའི་ཉིན་མོར་སྒུག་ནས་འདུག། ཅེས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པས་དེ་ལྟར་བཤད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།