བོད་ལྗོངས་ཀྱི་སྐྱོབ་བཅོས་རུ་ཁག་གི་རུ་མི16ཚང་མ་ལོག་དབྱེའི་ལྟ་ཞིབ་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་སུ་ཏོག་གསར་གློ་ཚད་ནད་ཡམས་ཕོག་མཁན་གཅིག་པུ་དེ་སྐྱོབ་བཅོས་བྱེད་མཁན་མི16ལས་གྲུབ་པའི་སྨན་བཅོས་རུ་ཁག་གི་རུ་མི་ཚང་མར་སྤྱི་ཟླ2པའི་ཚེས27ཉིན་བར་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་ཀྱི་གནས་ཚུལ་ཐོན་མེད་པ་མ་ཟད།  ནད་དུག་ཧོ་སོན་གྱི་བརྟག་དཔྱད་ལའང་ནད་མེད་རང་བཞིན་མངོན་པ་དང༌།  CTབརྟག་དཔྱད་འབྲས་བུ་རྒྱུན་གཏན་ཡིན་པས་ཁོང་ཚོ་ལོག་དབྱེའི་ལྟ་ཞིབ་མཇུག་སྒྲིལ་བ་དང་།  ཏོག་དབྱིབས་གློ་ཚད་ནད་ཡམས་ཕོག་མཁན་གཅིག་པུ་དེར་སྐྱོབ་བཅོས་བྱེད་མཁན་རང་ལྗོངས་ཀྱི་སྨན་དོན་མི་སྣར་ནད་གཞི་ཕོག་མེད་པས།  བོད་ལྗོངས་ཀྱིས་ཏོག་དབྱིབས་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཡིད་ཆེས་བརྟན་དུ་ཕྱིན་ཡོད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།