ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་སྒྲོག་འགྲེལ་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་ཡག་པོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད། ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་སྒྲོག་འགྲེལ་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”རྩ་བ་ཚུགས་པ་དང་ཡལ་ག་རྒྱས་པ་བྱས་པ་རེད།

ཞིང་འབྲོག་སྒྲོག་འགྲེལ་ཚོགས་པས་གོ་བདེ་རྟོགས་སླའི་སྐད་ཆའི་ལམ་ནས་རང་ངོས་ཀྱི་གནས་ཚུལ་ངོ་མ་དཔེར་བཞག་ནས་བོད་གསར་རྙིང་བསྡུར་བ་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འགྲེལ་བཤད་གང་ལེགས་བརྒྱབ་ཅིང་། མང་ཚོགས་ལ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་དགོས་པའི་སློབ་གསོ་བརྒྱབ་པ་དང་། འཚོ་བ་དངོས་དང་ཟུང་འབྲེལ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་བཞི་པའི་ནང་དོན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་དྲན་པ་དང་། ཤེས་བྱ་ཁོང་དུ་ཆུད་པ། བསམ་བློའི་གོ་རྟོགས་མཐོ་རུ་ཏན་ཏིག་གཏོང་བ། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པ། ཉེ་འགྲམ་གྱི་དཔེ་མཚོན་གླེང་བ་བརྒྱུད་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་འགྲེལ་བཤད་རྒྱག་པ་དང་། རང་སྟོབས་རང་སྤེལ་དང“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་གཏན་འགོག་བྱས་ནས་མི་རབས་རྗེས་མར་མིག་དཔེ་བཟང་པོ་བསྟན་ནས་རང་ཁ་རང་གསོ་ཐུབ་པ་དང་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞི་བསྐྲུན་དགོས་པ་བཅས་ཀྱི་སློབ་གསོ་བརྒྱབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།