ལྷོ་ཁ་གྲོང་ཁྱེར་གྱིས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་དམིགས་ནས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པ་བཟང་པོའི“ལྷག་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། གསོག་འཇོག་ཤེས་རྟོགས་ལ་ཤུགས་སྣོན་རྒྱག་རྒྱུ་རྨང་གཞིར་བྱེད་པ་དང་། འཇོན་ཐང་ཆེར་གཏོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། གདམ་གསེས་གནད་འཕིགས་དང་བེད་སྤྱོད་ཡག་པོ་འགན་ལེན་བྱ་རྒྱུ་གཞི་རྩར་བྱེད་པ་བཅས་ལ་བརྟེན་ནས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

འབྱུང་རྩ་ནས་འཛུགས་སྐྱོང་ལ་དམ་འཛིན་གྱིས་ཤེས་ལྡན་པ་གསོ་སྐྱོང་བྱས་ཤིང་། སྤྱི་ཚོགས་ལ་ཕྱོགས་ཏེ་ཡོངས་བསྒྲགས་རྒྱུགས་ལེན་བྱ་རྒྱུ་གཙོ་བོར་བྱེད་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཕྱོགས་ཏེ་གནས་གཏན་འཁེལ་གྱིས་བསྡུ་ལེན་བྱ་རྒྱུ་རམ་འདེགས་སུ་བྱེད་པའི་ལས་བྱེད་པའི་དཔུང་ཁག་གི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། 2016ལོའི་ཚུན་དུ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་ཧྲེ་ཀོན་དམག་མི། ནང་སའི་སློབ་གསོ་དང་འཕྲོད་བསྟེན་རིགས་ཀྱི་མི་སྣ་སོགས་ཁྱོན་མི་གྲངས་983བསྡུས་པ་དང་། ཁ་གཏད་བོད་སྐྱོར“ཞིང་ཆེན་གསུམ”གྱི་ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་ལེགས་ཆར་བརྟེན་ནས་འཕྲལ་མཁོ་ཆེ་བའི་ཁྱབ་ཁོངས་སུ་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཡོད།

སློབ་གསོ་གསོ་སྐྱོང་ལ་དམ་འཛིན་གྱིས་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་། བརྗོད་དོན་གཙོ་བོའི་འཛིན་གྲྭ་སྣ་ཚོགས་ཁྲོད་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཏང་གཤིས་སློབ་གསོའི་ནང་དོན་མི་འདྲ་བ་བཀོད་སྒྲིག་བྱས་པ་དང་། ན་གཞོན་ལས་བྱེད་པ་ཧྲའན་ཤིས་ཡན་ཨན་དང་། ཅང་ཤིས་ཅིང་ཀང་ཧྲན། ཧུའུ་པེ་ཧུང་ཨན་སོགས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་གསར་བརྗེའི་ཐོན་ཁུངས་གཅིག་སྡུད་ཁུལ་དུ་ལྟ་སྐོར་དང་སློབ་སྦྱོང་བྱ་རྒྱུར་འདེམས་གཏོང་བྱས་པ། སློབ་སྦྱོང་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་འགག་རྩའི་ལྷུ་ཚིགས་དང་ཐབས་ལམ་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། 2016ལོའི་ཚུན་དུ། སྔ་རྗེས་སུ་ན་གཞོན་ལས་བྱེད་པ་13ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་། རང་སྐྱོང་ལྗོངས་རིམ་པའི་དངུལ་ཁང་སྒྲིག་གཞིར་གནས་སྦྱར་སྦྱོང་བརྡར་བྱེད་པར་འདེམས་གཏོང་བྱས་ཤིང་། ན་གཞོན་ལས་བྱེད་པ་2164གྲོང་སྡོད་དང་ཧྲུའུ་ཅི་དང་པོའི་འགན་ཁུར་བར་འདེམས་གཏོང་བྱས་ཡོད།

འདེམས་གཏོང་བཀོལ་སྤྱོད་ལ་དམ་འཛིན་གྱིས་དངོས་སྒྲུབ་ལས་སྟེགས་སྐྲུན་ཞིང་། ལས་བྱེད་པའི“སྔ་བར་ཕྱི་གསུམ”དང“གནས་སྐབས”ཀྱི་མཚོན་ཚུལ་དང་ཟུང་འབྲེལ་གྱིས་འགན་འཁྲི་འཁུར་ཕོད་པ་དང་། བྱས་རྗེས་འཇོག་ནུས་པ། གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་བློ་ཁོག་ཆེན་པོས་འདེམས་སྤྱོད་བྱས་ཡོད། 2019ལོར་གྲོང་ཁྱེར་ཡོངས་སུ་ཁྱོན་རྫོང་རིམ་པའི་ལས་བྱེད་པ་115དང་། ཁོའོ་རིམ་པའི་ལས་བྱེད་པ་721གོ་གནས་སྤར་བ་དང་། བརྟག་ཞིབ་བྱ་རྒྱུར་གཞི་ཚུགས་ནས་དུས་ཡུན་རིང་པོ་བརྟན་ལྷིང་སྲུང་སྐྱོང་དང་། གྲོང་སྡོད་དགོན་སྡོད། དབུལ་སྒྲོལ་འགག་སྒྲོལ། འཕེལ་རྒྱས་ལེགས་སྒྱུར། གྲོང་གསེབ་དར་རྒྱས་སོགས་སྒྱུར་འཕེལ་བརྟན་གསུམ་གྱི་འཐབ་ཕྱོགས་དང་པོར་ཡོད་པའི་ན་གཞོན་ལས་བྱེད་པ་གནས་སྤར་བཀོལ་སྤྱོད་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།