ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་སློབ་མ100ལ་སློབ་སྐྱོར་རོགས་དངུལ་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“བཀྲ་ཤིས་ཁ་བཏགས་ཀྱི་སློབ་སྐྱོར་རོགས་དངུལ”སྤྲོད་པའི་མཛད་སྒོ་འཚོགས་ཏེ་ཁག་དང་པོའི་སློབ་སྐྱོར་བྱ་ཡུལ་གྱི་སློབ་མ་100ལ་མི་རེར་སློབ་སྐྱོར་རོགས་དངུལ་སྒོར་5000སྤྲད་པ་མ་ཟད། སློབ་མ་ལྷག་མ་100ལ་ཟླ་3པའི་ནང་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་50སྤྲོད་རྩིས་ཡོད་པ་རེད། སློབ་སྐྱོར་བྱ་ཡུལ་གྱི་སློབ་མའི་འཐུས་མི་3གྱིས་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ཏེ་དཀའ་སྤྱད་འབད་བརྩོན་གྱིས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་། སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣའི་རེ་བ་ཆུད་ཟོས་མི་གཏོང་བར་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་ལ། གཅེས་སེམས་བརྒྱུད་སྤྲོད་ཀྱང་བྱ་རྒྱུ་ཡིན་ཞེས་བརྗོད།

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གནད་སྨིན་རོགས་སྐྱོར་དང་རོགས་སྐྱོར་མི་སྐྱོང་གི་ལས་དོན་ཏན་ཏིག་སྤེལ་ཏེ་ཁྱིམ་ཚང་དབུལ་པོའི་སློབ་མ་སློབ་ཞུགས་ཐུབ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 2019ལོར་གྲོང་ཁྱེར་རིམ་པས་སྒྲིག་འཛུགས་རེ་ཞུ་དང་རོགས་སྐྱོར་བྱེད་ཚད་མི་ཐེངས་6069ཟིན་པ་དང་རོགས་སྐྱོར་མ་དངུལ་སྒོར་ཁྲི་4513.524རེ་ཞུ་བྱས་ཏེ་སྤྲད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་བཀྲ་ཤིས་ཁ་བཏགས་ཚད་ཡོད་འགན་འཁྲི་ཀུང་སིས་རིམ་རྩིས་བྱས་ན་སྒོར་ཁྲི་300ཞལ་འདེབས་བརྒྱབ་སྟེ་ཆབ་མདོ་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་སློབ་གྲྭ་ཆེ་མོ་བ་531སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་དང་། འཚར་ལོངས། འཇོན་ཐང་ཅན་དུ་གྱུར་བ་བཅས་ཀྱི་ཆེད་དཔལ་འབྱོར་གྱི་འགན་ལེན་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།