ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན་གྱི་སྔ་དྲོར། བོད་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་བསྡུས་ཏེ། བོད་ལྗོངས་ཀྱི་ཆུ་བེད་ཐད་ཀྱི་ལས་གཞི་གཙོ་བོའི་དུས་རིམ་སྔོན་མའི་བྱ་བའི་གནས་ཚུལ་ལ་ཉན་པ་དང་། ལས་གཞིའི་དུས་རིམ་སྔོན་མའི་བྱ་བ་དང་ལས་འགོ་བསྐྱར་ཚུགས་སྐོར་གྱི་སྐུལ་འདེད་བྱ་བ་བཀོད་སྒྲིག་བྱས།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་།
ཚོགས་འདུ་ལས་བསྟན་དོན། འབྲེལ་ཡོད་སྡེ་ཁག་དང་ལས་གཞིའི་འགན་འཁུར་ཚན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ནས། བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག ཕྱོགས་གཉིས་ནས་དམ་འཛིན་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོ་དབྱེ་ནས་རིམས་འགོག་ལས་དོན་གྱི་ཇུས་གཞི་བཟོ་བ་དང་། “ལས་རིགས་གཙོ་གཉེར་དང་། ཁེ་ལས་བདག་པོའི་ཚན་པ། འཛུགས་སྐྲུན་འགན་འཁུར་བའི་ཁེ་ལས། འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཚན། ལྟ་སྐུལ་དོ་དམ་སྡེ་ཚན། ཇུས་འགོད་སྡེ་ཚན”བཅས་ཕྱོགས་དྲུག་གི་འགན་འཁྲི་ནན་དུ་གཏོང་དགོས། རིགས་པས་ཁུངས་སྐྱེལ་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་དང་། གཞོགས་འདེགས་དམ་ཟབ་བྱས་ཏེ། མཉམ་ཤུགས་གཅིག་བསྡུ་བཅས་བྱས་ཏེ་ཆུ་བེད་ལས་གཞིའི་དུས་རིམ་སྔོན་མའི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ཆུ་བེད་ལས་གཞི་ཟླ3པའི་ཚེས15ཉིན་གྱི་སྔོན་དུ་ལས་འགོ་བསྐྱར་ཚུགས་ཐུབ་པར་ཁག་ཐེག་བྱས་ནས། “རིམས་འགོག་དང་། སྤུས་ཚད། བདེ་འཇགས། ཁོར་སྲུང་། འབབ་འཕར། མྱུར་ཚད”བཅས་ཀྱི་བྱེད་ཐབས་ཁག་དྲུག་དོན་དངོས་འབེབས་བྱེད་པར་ཁག་ཐེག་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོར་བྱུང་བར་བྱས་རྗེས་འཇོག་དགོས་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་བསྡུས་ཏེ་ཆུ་བེད་ཐད་ཀྱི་ལས་གཞི་གཙོ་བོ་བཀོད་སྒྲིག་བྱས།