གཞིས་ཀ་རྩེས“ས་ཚིགས་དང་ས་ཚིགས་བར་ཁ་གཏད་པའི”ལས་ཞུགས་ཞབས་ཞུ་བྱ་བ་ལེགས་པོར་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཁྱེར་ཡོངས་ཀྱི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་མཐོ་རུ་གཏོང་བ་དང་། ཞོར་ལས་བའི་ལས་ཞུགས་སྤོ་སྒྱུར་ཐད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚུལ་ཇེ་ཆུང་དུ་གཏོང་ཆེད། ཉེ་ཆར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ས་ཚིགས་དང་ས་ཚིགས་བར་ཁ་གཏད་པའི་ཞབས་ཞུ་འགན་སྲུང་བྱ་བ་སྤེལ་ཤུགས་ཆེ་རུ་བཏང་ནས་ངལ་ནུས་ཕྱིར་གཏོང་ལས་དོན་བརྟན་པོའི་ངང་སྤེལ་བར་ཁག་ཐེག་བྱས་པ་རེད། 

ནུས་ཤུགས་ཡོད་རྒུས་ས་ཚིགས་དང་ས་ཚིགས་བར་ཁ་གཏད་པའི་ཞབས་ཞུ་བྱ་བ་ཡག་པོ་སྒྲུབ་པ། གྲོང་ཁྱེར་ཡོངས་ཀྱི་ངལ་ནུས་ཕྱིར་གཏོང་གི་ལས་ཞུགས་སྤོ་སྒྱུར་བྱ་བ་གོ་རིམ་ལྡན་པ་དང་ཚད་ལྡན་ངང་སྤེལ་བར་ཁག་ཐེག་བྱ་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས“ལྗོངས་ནང་ཁུལ་གྱི་ལས་གནས་སྟེང་ཕྱིར་ལོག་པ་ཇེ་ལྷོད་དུ་གཏོང་བ་དང་ལྗོངས་ཕྱི་རོལ་གྱི་ལས་གནས་སུ་ཕྱིར་ལོག་པར་ཚོད་འཛིན་བྱེད་པ”དང་དེ་བཞིན“ཐག་ཉེ་ས་དང་སྟབས་བདེ་ས་རུ་ལས་ཞུགས་བྱེད་པའི”རྩ་དོན་གཞིར་བཟུང་སྟེ། སྐོར་ཁག་དང་གཞི་ཁྱོན་ལྡན་པའི་ལས་གཞིའི་ལས་བཟོ་བར་དམིགས་ཏེ“ས་ཚིགས་དང་ས་ཚིགས་བར་ཁ་གཏད་པ”དང“ཡོངས་འདུས་རྣམ་པའི”ཞབས་ཞུ་སྤྱད་པ་རེད། 

ནུས་ཤུགས་ཡོད་རྒུས་རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་གི་བྱ་བ་ལེགས་པོར་སྒྲུབ་པ། གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་གལ་ཆེན་ལ་བརྟེན་ནས་ངལ་ནུས་མངགས་གཏོང་བྱས་པ་རེད། རིམས་ནད་ཐོན་པའི་རིང་གཞིས་ཀ་རྩེ་གྲོང་ཁྱེར་ཞང་ཧོ་ཆུ་བེད་ལྟེ་གནས་དང་ལ་ལྷོ་ཆུ་བེད་ལྟེ་གནས་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་གི་ཨར་སྐྲུན་ལས་གཞི་སྔར་བཞིན་རྒྱུན་འཁྱོངས་བྱས་པ་དང་། རྫོང་དང་ཆུས་སོ་སོས་རང་འགུལ་ངང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་ནུས་མངགས་གཏོང་ཀུང་སི་དང་ངལ་ནུས་བར་ཁེ་བ་སོགས་བརྒྱུད་ཐག་ཉེ་སར་གནས་སྤོ་བྱས་པ་རེད། དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཐག་ཉེ་སར་ལས་ཞུགས་སྤོ་སྒྱུར་བྱས་ཏེ། རོང་འབྲོག་པར་ས་གནས་དེའི་མགྲོན་ཁང་གི་ཞབས་ཞུ་དང་། ཐང་གཱ་བཟོ་བ། ཀོ་ཆས་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་དང་ཟུང་འབྲེལ་བྱས་ཏེ་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་སློང་བྱས་པ་རེད། 

ནུས་ཤུགས་ཡོད་རྒུས་སྲིད་ཇུས་ཀྱི་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པ། གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་ཐེམ་ཐོ་ཡིན་པའི་རོང་འབྲོག་པའི་ལས་ཞུགས་ལས་གཏོད་སྲིད་ཇུས་ཀྱི་ཁ་གསབ་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》ཞིབ་ཕྲ་བཟོས་ཏེ། སྲིད་ཇུས་ཀྱི་ལྕག་སྐུལ་བྱ་ཐབས་ལ་བརྟེན་ནས་རོང་འབྲོག་པ་རང་འགུལ་ངང་ཕྱིར་བུད་དེ་ལས་ཞུགས་སྤོ་སྒྱུར་བྱེད་པར་སྐུལ་མ་བཏང་བ་རེད། གྲོང་ཁྱེར་ཡོངས་ཀྱིས“ལས་ཞུགས་ཞབས་ཞུར་སྒོ་མི་རྒྱག་པ་དང་དྲ་ཐོག་ནས་ལས་མི་གདན་ཞུ་བྱེད་མཚམས་མི་འཇོག་པའི”དྲ་ཐོག་གི་དཔྱིད་རླུང་བྱ་སྤྱོད་ཧུར་ཐག་སྤེལ་ནས། “ངོ་འཕྲད་ཞབས་ཞུ་མི་བྱེད་པ”དང“ཁ་པར་བློ་འདྲི”ཁྱབ་གདལ་བཏང་ནས། ལས་མི་བཀོལ་སྤྱོད་བྱེད་པའི་ཁེ་ལས་ཀྱི་མི་སྤྱོད་པའི་དགོས་མཁོ་དུས་ཐོག་ཏུ་ཐག་གཅོད་བྱས་པ་བརྒྱུད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས། རྫོང་དང་ཆུས་སོ་སོས་སྐད་འཕྲིན་ཚོགས་པ་དང་ཁ་པར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རོང་འབྲོག་པར་ཐག་ཉེ་ས་དང་སྟབས་བདེ་སུ་རུ་ལས་ཞུགས་བྱེད་པར་ལས་གནས་ངོ་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།