ཉིང་ཁྲི་གྲོང་ཁྱེར་གྱི་འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པས་འབྱུང་རྩ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བྱེད་པ།

3d1d7453-73b7-4dc4-b568-579f4a5edbd4.jpg.1.jpg

འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གྲོང་ཁྱེར་རིམ་པའི་ས་ཚིགས་སུ་ལས་སྒྲུབ་གནས་སྐབས་ཏང་ཀྲི་པུའུ་ཡི་མི་དམངས་ཉེན་རྟོག་པས་ལས་དོན་སྒྲུབ་རིང་ངར་ཤུགས་སློང་རེས་བྱེད་པ།

ཉིང་ཁྲི་ནས་བོད་དུ་སྐྱོད་པའི་འགག་སྒོ་དང་པོ་བརྟན་པོ་སྲུང་བ།

ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་ཆེད། སྨན་གླིང་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མ་ཉིད་དུ་ཕུལ་བྱུང་ཏང་ཡོན་30ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གཅིག་མངགས་ནས་སྨན་གླིང་གནམ་ཐང་བརྟན་སྲུང་བྱས་པ་དང་དེ་ནི་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་སྒྲིག་འཛུཌ་བྱས་པའི་ཏང་ཡོན་300ལས་གྲུབ་པའི“རིམས་འགོག་འཕྲལ་སྒྲུབ་རུ་ཁག”14ཡི་ཁྲོད་ཀྱི་ཡན་ལག་རུ་ཆུང་གཅིག་རེད།

“སྐུ་ཁམས་བཟང་། ཁྱེད་རང་ག་ནས་ཕེབས་སམ། སྔོན་ལ་ཐོ་ཞིག་སྐྱོན་རོགས། ཉེ་ཆར་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་འདུག་གམ”དེ་ནི་སྨན་གླིང་རྫོང་སྤྱི་བདེ་ཅུས་གནམ་ཐང་གི་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་བོད་དུ་ཡོང་མཁན་འགྲུལ་པའི་ཆ་འཕྲིན་ཟིན་ཐོ་འགོད་ཚུལ་ཞིག་རེད། འགྲུལ་པ་བབས་ཚུགས་སུ་སླེབས་སྐབས་མི་དམངས་ཉེན་རྟོག་པས་སྨན་དོན་མི་སྣར་གཞོགས་འདེགས་བྱས་ཏེ་ཐོབ་ཐང་ལག་ཁྱེར་ཐོ་འགོད་དང་ཚ་བ་ལྟ་བ་མ་ཟད། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པའི་ཚན་རིག་ཁྱབ་གདལ་ཤེས་བྱའི་དྲིལ་བསྒྲགས་ཡི་གེ་སྤྲོད་ཀྱི་ཡོད།

ཉིན་ལྟར་ནམ་མ་ལངས་གོང་ནས་འཕྲལ་སྒྲུབ་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཚོ་རྡོག་ཐོན་བྱེད་པ་དང་ཁོང་ཚོས་དུས་གཏན་གནམ་གྲུ་ཐེངས་དང་པོ་མ་འབྱོར་གོང་ནས་ལས་དོན་མཐའ་དག་གྲ་སྒྲིག་བྱེད་དགོས་པ་དང་འགན་འཁྲི་ལས་བགོས་དང་། སྒྲིག་ཆས་ཞིབ་བཤེར། འཕྲོད་བསྟེན་དུག་སེལ་ལ་སོགས་ལྷུ་ཚིགས་ཆུང་ཙག་ཚང་མར་ཧ་རི་ཧུ་རི་སྤུ་ཙམ་ཡང་བྱེད་ཀྱི་མེད།

ཝང་ཀྲི་ཝུན་ནི་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཞིག་ཡིན་པ་དང་ད་ཐེངས་ནི་ཁོང་གིས་དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་ཐེངས་བཞི་པ་དེ་རེད། མ་གཞི་བྱས་ན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ལ་བུ་དང་མཉམ་དུ་ཡུལ་སྐོར་དུ་འགྲོ་རྒྱུའི་ཁ་ཆད་བྱས་མོད། ད་ཐེངས་སླར་ཡང་འགྲོ་ཐུབ་མེད།

སྨན་གླིང་གནམ་ཐང་དུ་ལས་གནས་བརྟན་སྲུང་བྱས་ཚུན་ཝང་ཀྲི་ཝུན་ངལ་གསོ་ཉིན་གཅིག་ཀྱང་རྒྱག་ཁོམ་མ་བྱུང་བས་མཐར་ཁོང་ལ་ཆམ་པ་ཕོག འགོ་ཁྲིད་དང་ལས་རོགས་ཚོས་ཁོང་ལ་སྨན་ཁང་དུ་ངལ་གསོ་ཡག་པོ་རྒྱག་དགོས་པའི་ཁ་ཏ་བྱས་ཀྱང་སྨན་ཆུ་བླུགས་ཟིན་རྗེས་སླར་ཡང་ལས་གནས་སུ་ལོག

ཏང་ཡོན་དང་མི་དམངས་ཉེན་རྟོག་པ་དེ་ལྟ་བུ་ཞིག་གིས་ལས་གནས་བརྟན་སྲུང་བྱེད་པ་དང་ཉེན་ཁར་མ་འཛེམས་པར་ཉིང་ཁྲི་ནས་བོད་དུ་ཡོང་བའི་འགག་སྒོ་དང་པོ་བརྟན་སྲུང་བྱས་སྟབས་གནམ་ཐང་ནས་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་གཅིག་ཀྱང་མ་ཐོན་པའི་འགན་ལེན་ཐུབ་ཡོད།

དམག་འཐབ་ལ་ཞུགས་ཆོག་པའི་རེ་འདུན་ཞུ་ཡིག་ཅིག་ཕུལ་ནས“གཡུལ་སར”བསྐྱོད་པ།

ཟླ་1ཚེས་29ཉིན་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ལ་དམིགས་བསལ་གྱི“དམག་འཐབ་ལ་ཞུགས་ཆོག་པའི་རེ་འདུན་ཞུ་ཡིག”གཅིག་འབྱོར་བ་དེའི་སྟེང་མཛུབ་ཐེལ་58བརྒྱབ་ཡོད་པ་རེད། “མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་པའི་སྐབས་འདིར་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླ་ན་མེད་པའི་འགན་འཁྲི་དེ་འཁུར་བའི་ལས་འགན་དང་འོས་འགན་ཡོད”“རྒྱལ་ཁ་མ་ཐོབ་བར་དམག་མཚམས་མི་འཇོག་པ་དང་ལས་འགན་བསྒྲུབས་མ་ཚར་བར་ལས་མཚམས་གཏན་ནས་འཇོག་རྒྱུ་མིན”ཞེས་པ་དེ“དམག་འཐབ་ལ་ཞུགས་ཆོག་པའི་རེ་འདུན་ཞུ་ཡིག”གི་ནང་དོན་རེད།

དམག་འཐབ་ལ་ཞུགས་ཆོག་པའི་རེ་འདུན་ཞུ་ཡིག་དེ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་ཁོའོ་དང་ཁང་མི་འདྲ་བ་དང་ཉེན་རྟོག་གི་རིགས་མི་འདྲ་བའི་ཏང་ཡོན་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)58ཀྱིས་བྲིས་པ་དང་ཁོང་ཚོས་རང་འགུལ་ངང་ལས་འགན་ལྕི་ཤོས་དང་རིམས་ནད་རྙོག་འཛིང་ཆེ་ཤོས་ཀྱི་འཐབ་ས་དང་པོར་བསྐྱོད་རྒྱུའི་རེ་འདུན་ཞུས་པ་དེའི་དམིགས་ཡུལ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་རྒྱུ་དེ་རེད།

མང་ཚོགས་ཀྱི་དུས་བདེ་དང་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་ཆེད། ཀྲང་ཅན་དང་ཁོང་གིས་ལས་རོགས་ཚོས་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་པ་དང་ངལ་དུབ་ཀྱིས་མནར་སྐབས་གཞུང་ལས་ཁང་དུ་ཡུད་ཙམ་གཉིད་ཉལ་བ་དང་གྲོད་པ་ལྟོགས་ཚེ་སྟབས་བདེའི་ཐུག་པ་ཟ་གི་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུན། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་རིམ་རྩིས་བརྒྱབ་ན་ཉེན་རྟོག་པ་མི་ཐེངས་580བཏང་ནས་བོད་དུ་ཡོང་མཁན་མང་ཚོགས་མི་ཐེངས་5491ཁག་བགོས་འགྲེམས་གཏོང་བྱས་པ་རེད།

ས་བབ་མཐོ་ཚད་སྨི4300ཡི“རིམས་འགོག”དམག་འཐབ།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་བརྒྱབ་ཚུན། སུམ་མདོ་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་འཕྲལ་མ་ཉིད་དུ་ཏང་ཡོན་གདོང་ལེན་རུ་ཁག་བཙུགས་ཏེ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་མི་དམངས་ཉེན་རྟོག་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་གསར་བརྗེའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཡོད།

ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཉིང་ཁྲིར་ཡོང་མཁན་འཁོར་རིགས་དང་མི་སྣར་གོ་རིམ་ལྡན་པའི་སྒོ་ནས་འཆར་ཅན་ཞིབ་བཤེར་བྱས་ཏེ་རླངས་འཁོར་ཡོད་ཚད་ལ་ཞིབ་བཤེར་བྱེད་པ་དང་མི་སྣ་ཚང་མར་ཚ་བ་བལྟས་ནས་ཉིང་ཁྲིར་ནད་དུག་མཆེད་རྒྱུ་ནན་འགོག་བྱས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུན། ཞིབ་བཤེར་ས་ཚིགས་ཀྱིས་རིམ་རྩིས་བརྒྱབ་ན་འཁོར་རིགས་ཐེངས་1700ལྷག་ཙམ་དང་མི་ཐེངས་4200ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་མང་ཚོགས་ཐེངས་11ལ་ཞབས་འདེགས་ཞུས་པ་རེད།

ཁ་རས་དང་། ལག་ཤུབས། འགོག་སྲུང་གྱོན་གོས་བཅས་ནི་དམིགས་བསལ་དུས་སྐབས་དེར་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྲུང་ཡོལ་ནུས་ལྡན་ཡིན་མོད། ས་བབ་མཐོ་ཚད་སྨི་4300ཡི་ཞིབ་བཤེར་ས་ཚིགས་དེར་སྒྲིག་ཆས་དེ་དག་སྤྱོད་སྐབས་མི་དམངས་ཉེན་རྟོག་པའི་ལས་སྒྲུབ་ཐད་འགྲན་སློང་ཆེན་པོ་ཞིག་འཕྲད་ཅིང་། ཁ་རས་བརྒྱབ་ནས་སྐད་ཆ་ཤོད་སྐབས་སྐད་ཤུགས་ཆེ་རུ་གཏོང་དགོས་ལ་དབུགས་ཀྱང་འབྱིན་རྔུབ་དཀའ་བའི་ཁར་གྲང་རླུང་ཁྲོད་ཡུན་རིང་ལངས་སྟབས་ཆུ་ཚོད་10འདས་རྗེས་ལུས་ཤུགས་ཆེས་ཆེར་ཉམས་ཀྱི་ཡོད། དེ་ལྟར་ཡིན་རུང་ཕྱིར་འཐེན་དང་འཁང་ར་བྱེད་མཁན་གཅིག་ཀྱང་བྱུང་མེད།

གང་དུ་ཉེན་ཁའི་གནས་ཚུལ་དང་གང་དུ་ཉེན་ཁ་ཆེ་ཤོས་ཡོད་ཚེ་དེ་གར་ཏང་ཡོན་300ཡི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ། ཁོང་ཚོས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ཏེ་དམར་མདངས་བཀྲ་བའི་ཏང་དར་རེ་རེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མདུན་ངོས་དང་མང་ཚོགས་ཚང་མའི་སེམས་ནང་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།