སློབ་གྲྭ་འབྲིང་ཆུང་ཁག་གི་དགེ་རྒན་གྱིས་དྲ་ཐོག་ནས་སློབ་ཚན་འཁྲིད་དེ་སློབ་མའི་དོགས་གཞིར་ལན་འདེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཡོད་མོད། འོན་ཀྱང་བོད་ལྗོངས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་ཚོས་སློབ་མར་དོ་ཁུར་དང་སློབ་ཁྲིད་ཟུར་ཁྲིད་བྱེད་མཚམས་གཏན་ནས་བཞག་མེད། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཞི་བདེ་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་ཚོས་ཉིན་ལྟར་ལེགས་སྒྲུབ་ཟིན་པའི་སྦྱོང་ཚན་སྐད་འཕྲིན་ཐོག་ནས་འཛིན་གྲྭའི་ཚོགས་པའི་ནང་བསྐུར་ཏེ་རྒན་ལགས་ཀྱིས་དག་བཅོས་བྱ་རྒྱུ་སྒུག་གི་ཡོད།

ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་མ་ཚོར་དྲ་རྒྱའི་ཐོན་ཁུངས་ཀྱི་ལས་སྟེགས་སྤྱད་དེ་སློབ་སྦྱོང་བྱ་རྒྱུའི་སྐུལ་ལྕག་བྱེད་ཀྱི་ཡོད། སློབ་གྲྭ་དེའི་དགེ་རྒན་དབྱངས་ལགས་ཀྱིས་གསར་འགོད་པར“རིམས་ནད་ལ་འགོག་རྒོལ་བྱེད་རིང་ང་ཚོས་ཕྲུ་གུ་ཚོར་སློབ་དེབ་མང་ཙམ་ལྟ་བ་དང་སློབ་སྦྱོང་ཡག་པོ་བྱས་ཏེ་བག་ཆགས་བཟང་པོ་འཇགས་པ་བྱེད་པ་དང་། བསམ་བློར་དྲག་ཆས་སྤྲོས་པ། སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། གཟུགས་པོའི་བྱང་ཚད་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད། དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ཚོས་རང་ཉིད་ལ་རེ་བ་ནན་པོ་བཏོན་ཏེ་སློབ་མའི་ཉིན་རེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་གི་ཡོད”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།