སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་བོད་ལྗོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་སློབ་གསོའི་ལས་དོན་པའི་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་ལ་བོད་ལྗོངས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། སློབ་གསོའི་ལས་དོན་པ་བཅས་ཀྱི་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་ཤིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་གྱི་བརྩེ་དུང་འཆང་གནང་བ་དང་བོད་ཀྱི་སློབ་གསོར་ཐུགས་རེ་ཟབ་མོ་བཅོལ་གནང་བ་མཚོན་ལ། བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཏུའུ་ཅན་ཀུང་གིས་གསར་འགོད་པར་བཤད་པ་དང་། སློབ་གསོའི་ཁོངས་གཏོགས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལ་དམིགས་ཏེ“གསོ་སྐྱོང་ལྔ་གལ་ཆེ་མཉམ་བརྩི”མཐའ་འཁྱོངས་དང་། “ཡོངས་གསུམ་གྱི་མི་གསོ་སྐྱོང་གི”ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་བྱེད་པ། “དུས་མཚམས་དྲུག་གཞི་གཅིག་ཏུ་བསྡུས་པའི”སྤུས་ཚད་འཕེལ་རྒྱས་ལས་གྲྭ་ལག་བསྟར་བཅས་བྱས་ནས་བསམ་བློ་དང་ཆབ་སྲིད་སློབ་གསོ་དང་། རིག་ཚན་བཟང་སྒྲིག ལས་ཞུགས་ལས་གཏོད། དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ལས་དོན་ལ་དམ་འཛིན་ཧུར་ཐག་བྱས་ཏེ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།  

“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ལས་བོད་ཀྱི་སློབ་གྲྭ་ཆེ་མོ་བ་དང་བོད་ཀྱི་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཡོད། མཐོ་སློབ་ཀྱི་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང”བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཨུ་ཡོན་སློབ་སྤྱི་གཞོན་པ་ཀྲོང་ཧྲི་ཧུང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནི་ཐུགས་རེ་ཟབ་མོ་ཞིག་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མཐོ་རིམ་སློབ་གསོར་མཛུབ་སྟོན་དང་བླང་བྱ་དེ་བས་བཏོན་གནང་བ་ཞིག་རེད། ཀྲུང་དབྱང་གི་བོད་སྐྱོར་ལས་བྱེད་པ་ཞིག་གི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ཁྲོད་ནས་རང་ཉིད་ཀྱི་འགན་འཁྲི་ལྕི་པོ་ཡིན་པ་སླར་ཡང་ཚོར་བྱུང་བས་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ལྷག་བསམ་རྣམ་དག་དང་ནུས་ཤུགས་ཡོད་རྒུས་འགན་འཁྲི་ཁུར་བ་དང་ལས་འགན་ལ་ངོ་མི་གནོང་བ་ཞིག་བྱེད་ཀྱི་ཡིན”ཞེས་བཤད།

“འཕྲིན་ལན་ཁྲོད་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྨན་དོན་དཔུང་ཁག་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྨན་བཅོས་ཆུ་ཚད་གོང་མཐོར་གཏོང་བར་ཐུགས་རེ་ཟབ་མོ་གནང་བ་དང་བོད་མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁྲལ་ཆེ་ཤོས་གནང་གི་ཡོད་པ་ཚོར་ཐུབ་བྱུང”ཞེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་ཝང་ཝུན་ལིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནི་བོད་དུ་ཡོད་པའི་ལས་བྱེད་པ་དང་ལས་བཟོ་ཚང་མར་མཛུབ་ཁྲིད་དང་སྐུལ་ལྕག་གནང་བ་ཞིག་རེད་ཅེས་བཤད།

“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དགོངས་དོན་གཏིང་ཟབ་པ་དང་། ནང་དོན་གནད་སྨིན། བརྩེ་སེམས་ཀྱིས་ཕྱུག་པ། ཐུགས་བཟང་ཚིག་ནན་བཅས་ཡོད་པས་དོན་དམ་པའི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ལ་བོད་ཀྱི་ན་གཞོན་སློབ་མས་དུས་རབས་གསར་པར་བྱས་རྗེས་འཇོག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་མཁོ་འདོན་གནང་ཡོད”ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་ཅིན་ཧའེ་པོས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།