བོད་ལྗོངས་ཀྱིས“འཕྲིན་སྦྲེལ་དྲ་བ+སྨན་བཅོས་བདེ་ཐང”གི་ཞབས་ཞུའི་རྣམ་པ་གསར་པ་ཁྱབ་གདལ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནད་པས་སྨན་པ་བསྟེན་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་ཆེད། 2019ལོར་བོད་ལྗོངས་ཀྱིས“འཕྲིན་སྦྲེལ་དྲ་བ+སྨན་བཅོས་བདེ་ཐང”གི་དམངས་ཕན་བྱ་ཐབས་ལ་སྐུལ་འདེད་བཏང་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུས་ནས། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་མཐོར་འདེགས་སུ་བཏང་སྟེ། མི་དམངས་མང་ཚོགས་ལ་འཚོ་བ་དངོས་དང་འབྲེལ་བའི་ཕན་ཁེ་སྐྲུན་པ་རེད། 

ངོ་སྤྲོད་བྱས་པ་ལྟར་ན། 2019ལོར། བོད་ལྗོངས་ཀྱིས“བདེ་ཐང་བོད་ལྗོངས”ཞེས་དྲ་ཐོག་ནས་ཨང་ཐོ་འགོད་པའི་མ་ལག་བསྐྲུན་ནས་རང་སྐྱོང་ལྗོངས་རིམ་པའི་སྨན་ཁང3དང་གྲོང་ཁྱེར་དང་ས་ཁུལ་རིམ་པའི་སྨན་ཁང14ཡི་དྲ་ཐོག་ཏུ་ཨང་ཐོ་འགོད་པ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། ན་ནིང་གི་ཟླ4བའི་ཚེས1ཉིན་མ་ལག་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་ནས་བཟུང་དྲ་ཐོག་ཏུ་ཨང་ཐོ་འགོད་མཁན་མི་ཐེངས29516ལ་སླེབས་པ་དང་། དྲ་ཐོག་ནས་སྒོར་ཁྲི47.56ལྷག་གི་རྩིས་རྒྱབ་ཡོད། དྲ་ཐོག་ནས་ཨང་ཐོ་འགོད་པའི་བསྡུར་ཚད་རིམ་བཞིན་ཇེ་མཐོར་སོང་ནས། སྨན་བཅོས་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་པས། སྲོལ་རྒྱུན་གྱི་སྒེའུ་ཁུང་མདུན་ནས་གྲལ་སྒྲིག་ཏེ་ཨང་ཐོ་འགོད་པའི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་། 

རིམ་པ་གསུམ་པའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་ནན་ཏན་བཏང་ནས་རྫོང་རིམ་པའི་མི་དམངས་སྨན་ཁང60དང་ཁ་གཏད་རོགས་སྐྱོར་བྱེད་ཡུལ་གྱི་རིམ་པ་གསུམ་པའི་སྨན་ཁང་གི་རྒྱང་བསྟེན་སྨན་བཅོས་མངོན་འགྱུར་བྱས་ཏེ། ནང་སའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་བོད་ལྗོངས་སུ་ནང་འདྲེན་བྱས་པ་བརྒྱུད། སྤུས་ལེགས་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས། ནད་པ་གཞི་རིམ་དུ་སྨན་བཅོས་བྱེད་པར་སྟབས་བདེ་སྐྲུན་པ་བཅས་བྱས་པས་ནད་པ་དང་མང་ཚོགས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།