ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་གནོད་འཚེ་ཕོག་པའི་སྨན་གླིང་རྫོང་ཕད་གྲོང་རྡལ་གྱི་མང་ཚོགས་ཁང་པ་གསར་པར་སྤོས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མང་ཚོགས་ཀྱི་དགའ་འབོད་ཁྲོད། སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་གྲོང་ཚོ་དང་བྲེ་པད་གྲོང་ཚོ་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་གེགས་རྗེས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བའི་མཛད་སྒོ་བདེ་བླག་ངང་གཉེར་བ་རེད།

གནས་སྤོ་བའི་མཛད་སྒོའི་ཐོག སྨན་གླིང་རྫོང་གི་འབྲེལ་ཡོད་འགན་འཁུར་བས་འཁྱིལ་མཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་་རྩིས་སྤྲོད་རྩིས་ལེན་བདེ་བླག་བྱས་པ་དེ་ནི་ཏང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་ལ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་རོགས་རམ་དང་ཡང་ཁ་འབྲལ་ཐབས་མེད། རེ་བར་གནས་སྤོས་མང་ཚོགས་ཀྱིས་ཏང་གི་ཐུགས་ཁུར་དང་གཅེས་སྐྱོང་བློ་ལ་བརྟན་པོར་ངེས་ཏེ་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས་ཞེས་བསྟན་པ་རེད།

གནས་སྤོས་མང་ཚོགས་བཀྲ་ཤིས་ཉི་མས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཚབ་ཞུས་ཏེ་གཏམ་བཤད་བྱས་པ་དང་། ཁོང་གིས“གུང་ཁྲན་ཏང་གི་བཀའ་དྲིན་ནམ་མཁའ་ལས་ཆེ་བ་དང་མཚོ་མོ་ལས་ཟབ་པ་ཡོད། གུང་ཁྲན་ཏང་མེད་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་ང་ཚོའི་ད་ཆའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་དེ་བས་མེད། གུང་ཁྲན་ཏང་གི་དམངས་ཕན་དང་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་འོག ང་ཚོ་ཞིང་འབྲོག་པའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་དང་ནམ་མཁའི་སྤྲིན་དཀར་བཞིན་ཅི་དགར་རོལ་རྒྱུ་ཡོད”ཅེས་བཤད།

རྒྱ་ལ་གྲོང་ཚོ་དང་བྲེ་པད་གྲོང་ཚོའི་མང་ཚོགས་ཁང་གསར་ནང་བདེ་བླག་ཏུ་སྤོས་པ་དེ་ལས་ཕད་གྲོང་རྡལ་གྱི་མི་དམངས་ཀྱིས་རང་བྱུང་གནོད་འཚེར་ཁ་གཏད་གཅོག་ཕོད་པ་དང་། དཀའ་ངལ་མཐའ་དག་ཁྱད་བསད་བྱེད་ཕོད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་ཡོད།

སླད་ཕྱིན་གེགས་ཁུལ་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། རྣམ་པ་གསར་རྐྱང་གི་ཐོག་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བསུ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།