ཆབ་མདོ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྐད་འཕྲིན་སྒྲོག་འགྲེལ་གྱི་ལས་དོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་སྔོན་ཚུད་ནས་འཆར་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ་དང་། སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ་བྱེད་ཐབས་སྣ་མང་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

ཆབ་མདོའི་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ། གྲོང་ཚོ(གྲོང་ལྷན)ཁག་གི་སྒྲོག་འགྲེལ་པ་ཚོས་མང་ཚོགས་ཀྱི་དང་ལེན་བྱེད་བདེ་བའི་ཐབས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་མཐོང་ཆེན་དང་ཐུགས་ཁུར་གནང་ལུགས་སྒྲོག་འགྲེལ་གང་ལེགས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་སྒྲོག་འགྲེལ་ཞིབ་ཚགས། རིམ་པ་ཁག་དང་སྡེ་ཚན་ཁག་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དང་བླང་བྱ་སྒྲོག་འགྲེལ་ཁ་གསལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཤེས་བྱ་དང་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་གསོན་ཉམས་ལྡན་པ་བཅས་བྱེད་པ་དང་ཆབས་ཅིག “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”ཆེད་དོན་ལ་དམིགས་ཏེ་གཏམ་དཔེ་དང་སྒྲུང་གཏམ་ཤོད་པ་དང་། མང་ཚོགས་ཚོས་དང་ལེན་བྱེད་བདེ་བའི་ཐབས་ལ་བརྟེན་ནས་གནད་སྨིན་སྒྲོག་འགྲེལ་མགྱོགས་མྱུར་བྱས་ཏེ་མང་ཚོགས་ཚོར་སྤྲོ་སྣང་ལྡན་པའི་དགོད་སྒྲའི་ཁྲོད་སློབ་གསོ་ཐེབས་པ་བྱས་ཡོད།

མིག་སྔའི་བར་ཆབ་མདོ་གྲོང་ཁྱེར་གྱིས་སྐད་འཕྲིན་སྒྲོག་འགྲེལ་གྱི་སྐད་འཕྲིན་ཚོགས་པ1142བཙུགས་པ་དང་། 《བོད་ཀྱི་ལོ་གསར་ཇི་ལྟར་བྱས་ཏེ་གཏོང་དགོས་པ》དང《ཁྱིམ་དུ་སྡོད་སྐབས་ཇི་ལྟར་བྱེད་དགོས་པ》སོགས་ཀྱི་དྲིལ་བསྒྲགས་ཤོག་ལྷེ་དང་གསལ་བརྡ་ཁྲི་4ལྷག་ཙམ་རྩོམ་སྒྲིག་པར་འགྲེམས་བྱས་ནས་གཞི་རིམ་གྱི་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ཚོར་རིན་མེད་ངང་སྤྲད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།