བོད་རང་སྐྱོང་ལྗོངས་ཀྱི་གོང་འོག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་རྒྱབ་སྐྱོར་བྱ་ཆེད་ཞལ་འདེབས་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང༌། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཀྲང་ཞུའེ་ཇེ་དང་ནོར་བུ་དོན་གྲུབ།  བསྟན་གོ  ཅང་ཇེ།  སྤེན་པ་བཀྲ་ཤིས།  ཧོ་ཝུན་ཧའོ།  པད་མ་དབང་འདུས།  ལེའུ་ཅང༌།  ཝང་ཝུད་ཏུང༌།  གྲེན་ཡུང་ཆི་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྒན་གྲས་ལེགས་མཆོག་དང་པ་སངས་སོགས་ཀྱིས་ཏང་ཀྲུང་དབྱང་ནས་རྒྱ་ཆེའི་ཏང་ཡོན་ལ་གནང་བའི་འབོད་སྐུལ་ལ་བརྡ་ལེན་ཧུར་ཐག་ཞུས་ཏེ།  ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་རྒྱབ་སྐྱོར་བྱ་ཆེད་ཞལ་འདེབས་བསྐྱོན་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གཞུང༌།  སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཞིང་ཆེན་རིམ་པའི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་རྒྱབ་སྐྱོར་བྱ་ཆེད་ཞལ་འདེབས་ཕུལ་ཡོད།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཐོན་ཚུན།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་འགོད་བཀའ་སློབ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་ཀར་དམ་འཛིན་བྱེད་རྒྱུས་གཙོ་བོ་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་གོང་འཕེལ།  བརྟན་ལྷིང༌།  སྐྱེས་ཁམས་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་བཏང་སྟེ།  བྱ་སྤྱོད་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ཡོངས་སུ་ལྷག་བསམ་ཟོལ་མེད་ཞུ་ལུགས་མཚོན་པར་བྱས་པ་དང༌།  རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས།  ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེ་བཏང་སྟེ།  རང་ནུས་ཡོད་རྒུས་དངུལ་དང་དངོས་ཟོག་ཞལ་འདེབས་ཕུལ་ནས་རྒྱལ་ཡོངས་དང་ལྷག་པར་དུ་ཧོ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱས་ཏེ།  འགག་རྩའི་དུས་སུ་མི་རིགས་མཐུན་སྒྲིག་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་སེམས་མཚོན་པར་བྱས་ཐོག་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་འཛིན་པའི་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མངོན་པར་བྱས་པ་དང་།  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་མཐའ་ཅིག་ཏུ་ལེན་རྒྱུའི་ཡིད་ཆེས་བརྟན་པོ་དང་འགྱུར་མེད་ཆོད་སེམས་མཚོན་པར་བྱས་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།