ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་ཧུར་ཐག་བཅག་ནས་དབུལ་གྲོལ་འགག་སྒྲོལ་ལས་དོན་ཏན་ཏིག་སྒྲུབ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང༌།  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་བཅག་ནས་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་རྒྱུའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང༌།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག  དབུལ་ཕོངས་ངལ་ནུས་ཀྱི་ལས་ཞུགས་ལ་སྔོན་ལ་རྒྱབ་སྐྱོར་བྱེད་པ་དང་དབུལ་སྐྱོར་ཐོན་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས།  ནད་ཡམས་ཀྱིས་རྐྱེན་པས་དབུལ་ལོག་ཐེབས་མཁན་གྱི་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་།  གྲལ་བཤེར་ཆེ་མོའི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་ནན་ཏན་བྱས་ཏེ་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱས་ཐོག་དབུལ་གྲོལ་གྲུབ་འབྲས་ལ་ཞིབ་དཔྱད་ཐུབ་པ་བྱེད་དགོས་པ།  དབུལ་ལོག་ཐེབས་པ་དང་དབུལ་པོར་འགྱུར་བའི་ཉེན་ཁ་ཡོད་པའི་མི་འབོར་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས་ཏེ་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ།  འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་པ་དང་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས།  དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།