ཆབ་མདོ་གྲོང་ཁྱེར་གྱིས་མང་ཚོགས་ལ་ནད་ཡམས་འགོག་ཟོན་གྱི་ཤེས་བྱ་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་གྱི་ལས་དོན་སྤེལ་ཚུན།  ཆབ་མདོ་གྲོང་ཁྱེར་གྱིས་སྔ་སྣུར་དུ་ཇུས་འགོད་བྱེད་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཐོག་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་བྲེལ་བྱས་ཏེ།  བྱ་ཐབས་སྣ་ཚོགས་ཐོག་ནས་གྲོང་ཁྱེར་དེ་ཡོངས་ཀྱི་མང་ཚོགས་ལ་ནད་ཡམས་འགོག་ཟོན་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་ཡོད།

ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གྱང་སྔོན་ཤང་གྱང་སྔོན་གྲོང་ཚོའི་ཕུལ་བྱུང་སྒྲོག་འགྲེལ་པ་སྐར་མ་ཚེ་རྒྱལ་ནས།  སྒྲོག་འགྲེལ་གྱི་ནང་དོན་འཕྲིན་ཕྲན་ཚོགས་པ་ཁག་ནང་བསྐུར་ཏེ་ཡུལ་མི་ཚོས་ཏང་དང་སྲིད་གཞུང་གི་གསུང་སྒྲ་དུས་ཐོག་ཏུ་གོ་ཐུབ་པ་དང་།  ནད་ཡམས་འགོག་ཟོན་གྱི་ཤེས་བྱ་སློབ་སྦྱོང་དང་ཤེས་རྟོགས་ཐུབ་པ་བྱས་པ་དང་།  ལྷོ་རོང་རྫོང་གི་སྒྲོག་འགྲེལ་པ་ལོ་ལོས།  འཕྲིན་ཕྲན་བརྒྱུད་སྒྲོག་འགྲེལ་བྱེད་སྐབས་གསོན་ཉམས་ལྡན་པའི་སྒྲུང་གཏམ་ཐོག་ནས་ནད་ཡམས་འགོག་ཟོན་གྱི་ཤེས་བྱ་བརྒྱུད་བསྒྲགས་བྱས་པ་མ་ཟད།  དྲི་བ་དྲི་ལན་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ཚོས་སྒྲོག་འགྲེལ་གྱི་ནང་དོན་ལ་གོ་བ་ལོན་ཐུབ་པ་དང་བློ་ལ་ངེས་ཐུབ་པ་བྱས་ཡོད་པ་དང་།  དཔའ་ཤོད་རྫོང་གིས་གྲོང་ཚོའི་རྒྱང་བསྒྲགས་དང་དྲིལ་བསྒྲགས་སྒྲོམ་སྟེགས།  འཕྲིན་ཕྲན་ཚོགས་པ་སོགས་ལ་བརྟེན་ནས།  མང་ཚོགས་རྣམས་རང་འགུལ་ངང་ནད་ཡམས་འགོག་ཟོན་ནང་ཞུགས་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ།  མང་ཚོགས་ཚོར་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇག་པ་བྱས་པ་དང༌།  སྨར་ཁམས་རྫོང་གིས་གཉིས་ལྡན་དུད་སྦྲེལ་སྤྱི་མིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  ནད་ཡམས་འགོག་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་གཉིས་ལྡན་དུད་སྦྲེལ་གྱི་ཁོངས་གཏོགས་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་གཙང་སྦྲ་འཕྲོད་བསྟེན་བྱས་ཏེ་ནད་ཡམས་མི་མཆེད་པ་བྱས་ཡོད་ལ།  སྟེང་ཆེན་རྫོང་གིས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་གྲོང་ཚོའི་རྒྱང་བསྒྲགས།  འཕྲིན་ཕྲན་སྤྱི་སྟེགས་སོགས་ལ་བརྟེན་ནས་ནད་ཡམས་འགོག་ཟོན་པའི་ཚན་རིག་ཤེས་བྱ་གཅིག་བསྡུས་ཐོག་དྲིལ་བསྒྲགས་བྱས་ཏེ།  མང་ཚོགས་ཚོའི་ནད་ཡམས་འགོག་ཟོན་གྱི་འདུ་ཤེས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།   

མིག་སྔའི་བར་དུ་ཆབ་མདོ་གྲོང་ཁྱེར་གྱིས་འཕྲིན་ཕྲན་གྱི་སྒྲོག་འགྲེལ་ཚོགས་པ་འཛུགས་པ་དང་ལོ་སར་སྐབས་གང་སར་མི་རྒྱུགས་པ་སོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་བཏོན་ཏེ།  གཞི་རིམ་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ཚོར་རིན་མེད་ངང་སྤྲད་པས་ནད་ཡམས་འགོག་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་གང་ལེགས་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།