ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུས་དཔེ་སྐྲུན་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་དྲིལ་བསྒྲགས་ཀློག་དེབ་ཁག་ཅིག་རྩོམ་སྒྲིག་དཔེ་བསྐྲུན་བྱས་པ་མ་ཟད། རིན་མེད་ངང་སྡེ་ཁུལ་དང་ལས་ཁུངས། སློབ་གྲྭ་བཅས་ལ་སྤྲད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལག་དེབ་ཅེས་པའི་འགུལ་རིས་པར་མའི་བོད་རྒྱ་ཤན་སྦྱར་གྱི་ཀློག་དེབ་ཆིག་ཁྲི་དཔེ་བསྐྲུན་བྱས་པ་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་གིས་ཏོག་གསར་གསར་གློ་ཚད་ཀྱི་འགོག་སྲུང་ཤེས་བྱའི་དྲི་བ་དྲིས་ལན་ཞེས་པའི་འགུལ་རིས་པར་མའི་བོད་རྒྱ་ཤན་སྦྱར་གྱི་དེབ་ཁྲི1དང་། གྲོགས་པོ་ཆུང་ཆུང་ཚོར་དམིགས་པའི་ཏོག་གསར་གསར་གློ་ཚད་ཀྱི་འགོག་སྲུང་ཤེས་བྱའི་འགུལ་རིས་པར་མའི་རྒྱ་བོད་ཤན་སྦྱར་དེབ་ཁྲི1་དཔེ་བསྐྲུན་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས་ནད་ཡམས་འགོག་ཟོན་གྱི་ཀློག་དེབ་དཔེ་བསྐྲུན་བྱས་ནས་སྡེ་ཁུལ་སོགས་སུ་གཤམ་སྤྲོད་བྱས།