ཉིང་ཁྲི་གྲོང་ཁྱེར་གྱིས་དཔྱིད་རྨོས་དཔྱིད་འདེབས་ལས་དོན་ཁག་སྔ་སྣུར་དུ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲུ་རིགས་ཐོན་འཕར་དང་ཞིང་པར་འབབ་འཕར་ཡོང་བ་བྱ་ཆེད།  ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད་ཀྱིས་མཐོང་ཆེན་ངང2020ལོའི་དཔྱིད་རྨོས་དཔྱིད་འདེབས་ལས་དོན་ཁག་སྔ་སྣུར་དུ་བཀོད་སྒྲིག་བྱས་པ་རེད། 

ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་དཔྱིད་འདེབས་ལ་མཁོ་བའི་རྫས་ལུད་དང་ཞིང་སྨན།  སོན།  ཞིང་ལས་འཕྲུལ་ཆས་སོགས་གཏོང་འདྲེན་གྲབས་གསོག་ལ་ཤུགས་སྣོན་རྒྱག་ཆེད།  ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་བྱས་ནས་ད་བར་རྫས་ལུད་ཏུན1700དང་སོན་རྒྱ་མ་ཁྲི6། ཞིང་ལས་འཕྲུལ་ཆས24000བཅས་གཏོང་འདྲེན་བྱས་པ་རེད།  

ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད་ཀྱིས་ཞིང་ལས་ལག་རྩལ་པ་སྒྲིག་འཛུགས་བྱས་ནས།  ལག་རྩལ་སྦྱོང་བརྡར་དང་མཛུབ་ཁྲིད་ཞབས་ཞུ་བྱེད་རྒྱུ་དང་སྲིད་ཇུས་དྲིལ་བསྒྲགས་དང་ཞབས་ཞུ་གནད་འཕིགས་བྱེད་རྒྱུ།  ཞིང་ལས་ཐོན་རྫས་རྫུན་མ་བཟོ་མཁན་ལ་རྡུང་རྡེག་གཏོང་རྒྱུ།  ཞིང་སྨན་རྒྱག་པའི་ལས་དོན་སྒྲུབ་རྒྱུ་བཅས་བྱེད་རྒྱུ་རེད།  

ཤེས་རྟོགས་བྱས་པར་གཞིགས་ན།  ཉིང་ཁྲི་གྲོང་ཁྱེར་གྱི་དཔྱིད་འདེབས་ལས་དོན་སྤྱི་ཟླ3པའི་ཟླ་དཀྱིལ་དུ་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ནས།  འབྲུ་རིགས་མུའུ་ཁྲི་ཚོ13དང་པད་ཁ་མུའུ་ཁྲི2འདེབས་རྒྱུ་ཡིན་ཞིང་།  ཐོན་ཚད་མང་བའི་ས་ཞིང་མུའུ་ཁྲི་ཚོ11དང་ས་དཔྱད་ལུད་སྦྱོར་གྱི་ས་ཞིང་མུའུ་ཁྲི8འདེབས་འཛུགས་དང་།  སོན་བཟང་ཁྱབ་ཚད85%ཡན་ཟིན་རྩིས་ཡོད་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།