ཝུའུ་དབྱིང་ཅེས་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཞིབ་བཤེར་སྒོས་མཛུབ་སྟོན་གནང་བ།

W020200227537416541888.jpg

ལྷ་ས་མེ་འཁོར་འབབ་ཚུགས་སུ་ཝུའུ་དབྱིང་ཅེས་ལས་རེས་མི་སྣར་གཟིགས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤེས་རྟོགས་ཞིབ་ཕྲ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་གོང་དཀར་གནམ་ཐང་དང་། ལྷ་ས་མེ་འཁོར་འབབ་ཚུགས། སྣེའུ་མྱུར་བགྲོད་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སོགས་སུ་ཕེབས་ནས། བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དོན་འཁྱོལ་གྱི་གནས་ཚུལ་ལ་ཞིབ་བཤེར་སྒོས་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་སྔར་བས་ཤུགས་སྣོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་གསུང་བཤད་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན། རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཕྲ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དཔུང་པ་མཉམ་གཤིབ་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་འཆང་ལུགས་མངོན་པར་བྱེད་དགོས།

W020200227537416588989.jpg

གོང་དཀར་གནམ་ཐང་གི་ཚོམས་ཆེན་དུ་བོད་དུ་ཡོང་མཁན་འགྲུལ་པར་གོ་རིམ་ལྡན་པའི་ངང་ཚ་བ་ལྟ་བ་དང་ཆ་འཕྲིན་ཐོ་འགོད་བྱེད་བཞིན་པ།

W020200227537416613294.jpg

གོང་དཀར་གནམ་ཐང་དུ་ཝུའུ་དབྱིང་ཅེས་ལས་དོན་མི་སྣ་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་གྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བཞིན་པ།

W020200227537416643076.jpg

མཚོ་བོད་ལྕགས་ལམ་ཀུང་སིས་གོ་རིམ་ལྡན་པའི་ངང་བོད་དུ་ཡོང་བ་དང་ཕྱིར་སྐྱོད་མཁན་འགྲུལ་པ་ཚོར་ཚ་བ་ལྟ་བ་དང་ནད་ཡམས་འཐེན་བཤེར་བྱས་ཏེ། རིམས་ནད་མ་མཆེད་སྔོན་འགོག་ནན་པོ་བྱེད་བཞིན་པ།

W020200227537416678955.jpg

ཝུའུ་དབྱིང་ཅེས་བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་ལ་ཁ་བཏགས་གཡོགས་ནས་ཁོང་ཚོར་བཀྲ་ཤིས་སྨོན་འདུན་ཞུ་བཞིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།