གཞིས་རྩེའི་པ་སྣམ་རྫོང་གིས་རིམས་ནད་བྱུང་བའི་སྐབས་ཀྱི་སྔོ་ཚལ་འདོན་སྤྲོད་བྱ་བར་འགན་སྲུང་བྱས།

1582852058724396.jpg

འདི་ནི་བོད་ལྗོངས་པ་སྣམ་རྫོང་གི“དྲོད་ཁང་ཆེན་མོའི”ནང་ལས་བཟོ་བས་སྔོ་ཚལ་འདེབས་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་པ་སྣམ་རྫོང་ནི་མྱང་ཆུ་འགྲམ་དུ་གནས་པ་དང་རྨོ་ཞིང་མུའུ་ཁྲི12.74ཡོད། ཚེས27ཉིན་རྫོང་དེ་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་དཔྱིད་འགོའི་སྔོ་ཚལ་འདེབས་འཛུགས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་དེ། པ་སྣམ་རྫོང་གི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་གང་ལེགས་བྱེད་པ་དང་ཆབས་ཅིག་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་བཏང་ནས་མཁོ་སྤྲོད་འགན་སྲུང་བྱས་ཡོད་ཟེར།

1582852074250826.jpg

བོད་ལྗོངས་པ་སྣམ་རྫོང་གི་ཞིང་བས་ཀྲོ་མ་ཀྲུ་ཤོག་སྒམ་དུ་བཅུག་ནས་སྐྱེལ་འདྲེན་བྱེད་པར་གྲ་སྒྲིག་བྱེད་བཞིན་པ། 

རྒྱུས་ལོན་པ་ལྟར་ན། མིག་སྔར་པ་སྣམ་རྫོང་གི་སྒྲིག་ཆས་ཤིང་འབྲས་དང་སྔོ་ཚལ་འདེབས་བསྡོམས་པས་མུའུ5000ལྷག་ལ་སླེབས་ཡོད་པ་དང་དང་ཐོན་སྐྱེད་སྣ་ཁ140ཙམ་ཡོད། ཁྱིམ་ཚང་ཞིང་ར་དང་འདེབས་འཛུགས་ཁྱིམ་ཆེན951སྐྱེད་སྲིང་བྱས་ཏེ་ཆེད་ལས་མཉམ་ལས་རྩ་འཛུགས128ཡོད་པ་རེད། རྫོང་དེ་འབྲེལ་ཡོད་མི་སྣས་བཤད་རྒྱུར། ལོ20ལྷག་ལ་འཕེལ་རྒྱས་བཏང་བ་བརྒྱུད་པ་སྣམ་གྱི་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་ཐོན་ལས་ལ་གཞི་ཁྱོན་ཆེན་པོ་ལྡན་པ་དང་། ཁོ་ཚོའི་དམིགས་འབེན་ནི་ད་ལོར་འདེབས་འཛུགས་བྱས་པའི་སྔོ་ཚལ་དེ་གཞིས་རྩེ་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་རའི30%ཟིན་རྒྱུ་དེ་ཡིན་ཟེར། 

1582852087988528.jpg

ཧྲན་ཏུང་ཞིང་ཆེན་གྱི་རོགས་སྐྱོར་ལ་བརྟེན་ནས་དགུན་དུས་བོད་ལྗོངས་པ་སྣམ་རྫོང་གི་དྲོད་ཁང་ཆེན་མོའི་ཐོན་འབབ་སྔར་བཞིན་མཐོ་བ་རྒྱུན་འཁྱོངས་བྱས། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།