ལྷ་ས་འགག་སྒོའི་ཁོངས་གཏོགས་བར་སྐོར་འགག་སྒོས་བསྡོམས་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཁྲི11ལྷག་ལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཕྱི་རྒྱལ་གྱིས་ཞལ་འདེབས་བརྒྱབ་པའི་རིམས་འགོག་དངོས་རྫས་སྐོར་གཅིག་བདེ་བླག་ངང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ་འབྱོར་ཞིང་། དངོས་ཟོག་དེ་དག་གི་ཁྲོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ16200དང་། ཐེངས་གཅིག་རང་བཞིན་གྱི་ལག་ཤུབས་ཆ4500། རིན་ཐང30088ཡི་མི་དམངས་ཤོག་སྒོར་བཅས་ཡོད་པ་རེད། དངོས་ཟོག་སྐོར་འདི་དག་ཕྱི་རྒྱལ་ནས་དངོས་སུ་སྐྱེལ་འདྲེན་བྱེད་འགོ་བཙུགས་པ་ནས་ཁྲིན་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་ཐང་བར་འགག་སྒོ་སྒྲོལ་བའི“དུས་ཚོད་ནར་འགྱངས་མེད་པ”དང་དངོས་ཟོག་གཅིག་ཀྱང་ལུས་མེད་པ་དེ་ནི་ལྷ་ས་འགག་སྒོའི་ཁོངས་གཏོགས་བར་སྐོར་འགག་སྒོ་ཡིས་མྱུར་སྒྲོལ་ཇུས་གཞི་ལག་བསྟར་ཡག་པོ་བྱས་པའི་ཕན་འབྲས་རེད། 

རིམས་ནད་བྱུང་བ་ནས་བཟུང་ལྷ་ས་འགག་སྒོའི་ཁོངས་གཏོགས་བར་སྐོར་འགག་སྒོས་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མགྱོགས་མྱུར་འགག་སྒྲོལ་གྱི་ཇུས་གཞི་བཟོས་ནས་གོ་རིམ་སོ་སོའི་འགན་འཁྲི་བགོས་ཤིང་འགན་འཁུར་མི་སྣ་གཏན་ཁེལ་བྱས་ཏེ། བྱེད་སྒོ་སྤེལ་སར་ནང་འདྲེན་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགག་སྒྲོལ་གྱི་ཆེད་དོན་བདག་སྤྲོད་སྒེའུ་ཁུང་བཙུགས་ནས“ལྗང་མདོག་བགྲོད་ལམ”སྐྲུན་དེ་སྤུས་ལེགས་དང་མགྱོགས་མྱུར་ངང་འགག་སྒྲོལ་གྱི་ཞབས་ཞུ་མཁོ་འདོན་བྱས། 

ཟླ2པའི་ཚེས26ཉིན་བར་དུ་ལྷ་ས་འགག་སྒོའི་ཁོངས་གཏོགས་བར་སྐོར་འགག་སྒོས་བསྡོམས་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཁྲི11ལྷག་ལ་ཞིབ་བཤེར་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།